འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གློག་བརྙན་གཉིས་ལ་ཧྥུའུ་ཧྲན་གློག་བརྙན་དུས་ཆེན་ཐོག "རླབས་རྒྱུན་གསར་པའི་"
    བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན། དུས་ཡུན་ཉིན་བཅུའི་སྐབས་21པའི་ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཚེས་15ཉིན་ཧྥུའུ་ཧྲན་ཧའེ་ཡུན་ཐའེ་གློག་བརྙན་ཚོམས་ཆེན་ནང་མཇུག་འགྲིལ་བ་རེད། ཀྲུང་གོའི་གློག་བརྙན་《དྭངས་ཆུའི་ནང་གི་གྲི་》ཞེས་པ་དང《ཞལ་འདེབས་རྒྱག་མཁན་》ཞེས་པ་གཉིས་ལ་གློག་བརྙན་དུས་ཆེན་ཐོག་གི་བྱ་དགའི་རྣམ་གྲངས་"རླབས་རྒྱུན་གསར་པའི་"བྱ་དགའ་ཐོབ་པ་རེད།
         《དྭངས་ཆུའི་ནང་གི་གྲི་》ཞེས་པ་ནི་འཁྲབ་འཁྲིད་པ་ཝང་ཞོལ་པོའི་གློག་བརྙན་རིང་གྲས་ཐོག་མ་དེ་ཡིན་པ་དང་གློག་བརྙན་དེ་རྩོམ་པ་པོ་ཧྲི་ཧྲུའུ་ཆིང་ལ་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་མིང་གཅིག་པའི་བརྩམས་སྒྲུང་ཐུང་གྲས་ལས་བསྐྱར་སྒྲིག་བྱས་པ་ཞིག་ཡིན་པ་དང་། གྲགས་ཅན་འཁྲབ་འཁྲིད་པ་ཨར་ཏུང་ཧྲེང་དང་། ཀྲང་མོང་། པད་མ་ཚེ་བརྟན་བཅས་ཀྱིས་མཉམ་དུ་ལྟ་ཞིབ་བྱས་ནས་བཟོས་པ་ཞིག་རེད།
         གློག་བརྙན་དུས་ཆེན་གྱི་བྱ་དགའ་སྤྲོད་པའི་ཤིས་ཚིག་ནང་གློག་བརྙན་དེའི་ནང་ཀྲུང་གོའི་གྲོང་གསེབ་ཀྱི་བགྲེས་སོང་ཞིག་གིས་ཡུལ་དེ་གའི་མཆོད་འབུལ་གྱི་སྲོལ་རྒྱུན་གཞིར་བཟུང་བ་གླང་ཞིག་གསོད་དགོས་མོད། འོན་ཀྱང་བ་གླང་དང་ཁོ་བོའི་དབར་བརྩེ་སེམས་ཟབ་མོ་ཡོད་པའི་རྐྱེན་གྱིས་ག་བྱེད་འདི་བྱེད་མེད་པར་གྱུར་པའི་གཏམ་རྒྱུད་གླེང་ཡོད་ཅེས་བརྗོད་ཡོད་པ་དང་འབྲེལ། གློག་བརྙན་གྱིས"ཡིད་སྐྱོ་ལ་བག་ཡངས་བའི་སྙན་ངག་ལྟ་བུའི་གཏམ་རྒྱུད་གླེང་ཡོད"ཅེས་གདེང་འཇོག་བྱས་ཡོད་པ་རེད།
         དེ་དགོང་"རླབས་རྒྱུན་གསར་པའི"བྱ་དགའ་མཉམ་དུ་ཐོབ་པའི་གློག་བརྙན་《ཞལ་འདེབས་རྒྱག་མཁན་》ཞེས་པ་དེ་ཙང་ཤིས་ཁྲོན་གྱིས་འཁྲབ་འཁྲིད་བྱས་པ་དང་། དེའི་ནང་མཁལ་མ་འཚོང་བའི་གཏམ་རྒྱུད་གླེང་ཡོད་པ་རེད། བྱ་དགའ་ཐོབ་པའི་གློག་བརྙན་དེ་གཉིས་ཕུད། ཀྲུང་གོའི་འཁྲབ་འཁྲིད་པ་ལིའུ་ཡུས་ལིན་གྱི་གློག་བརྙན་《ཚིག་གཅིག་གིས་ཚིག་ཁྲི་ཁྲག་གི་གོ་ཆོད་པ་》ཞེས་པ་དང་ཀྲུང་གོའི་ཐའེ་དབན་གྱི་རྒྱ་སྐད་གློག་བརྙན་《གྲོག་མ་དཀར་པོ་》ཞེས་པའང་"རླབས་རྒྱུན་གསར་པའི"སྡེ་ཚན་ནང་ཚུད་ཡོད་པ་རེད།
         "རླབས་རྒྱུན་གསར་པའི"སྡེ་ཚན་གྱི་དམིགས་ཡུལ་ནི་ཨེ་ཤེ་ཡའི་གཞོན་སྐྱེས་གློག་བརྙན་ཤེས་ལྡན་མི་སྣར་སྐུལ་ལྕག་བྱ་རྒྱུ་དེ་ཡིན་པ་དང་གཙོ་བོ་ཨེ་ཤེ་ཡའི་གློག་བརྙན་ཐེངས་དང་པོའམ་ཡང་ན་ཐེངས་གཉིས་འཁྲབ་འཁྲིད་བྱེད་མཁན་ན་གཞོན་འཁྲབ་འཁྲིད་པར་ཕྱོགས་པ་དང་དེ་ནི་ཧྥུའུ་ཧྲན་གློག་བརྙན་དུས་ཆེན་གྱི་འགྲན་བསྡུར་སྡེ་ཚན་འབའ་ཞིག་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།