འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་གི་དམངས་སྲོལ་ཡུལ་སྐོར་རིག་གནས་དུས་ཆེན་གཏོང་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་གི་དམངས་སྲོལ་ཡུལ་སྐོར་རིག་གནས་དུས་ཆེན་གཏོང་
འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ཨུ་ཡོན་ལྷན་ཁང་དང་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2016ལོའི་ཀོང་པོ་རྒྱ་མདའ་རྫོང་གི་བྲག་གསུམ་མཚོའི་ཀོང་པོའི་དམངས་སྲོལ་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་པ་ཟླ་10ཚེས་12ཉིན་མཚོ་མགོ་ཤང་དུ་གཏོང་འགོ་ཚུགས་པ་རེད། བྱེད་སྒོ་སྤེལ་རིང་ངོ་མཚར་ལྡན་པའི་རིག་རྩལ་གྱི་གཟིགས་མོ་མང་པོ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་དང་དུས་མཚུངས་སུ“ཀོང་པོའི་བོད་ཁུལ་གྱི་བརྩེ་དུང་། མཛེས་སྡུག་ལྡན་པའི་བྲག་གསུམ་མཚོ”ཞེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཡང་འཚོག་རྒྱུ་ཡིན་ཞིང་། ཡུལ་སྐོར་ལས་དོན་ཁང་ཆེ་གྲས་ཁག་གདན་ཞུ་བྱས་ཏེ་ཡུལ་སྐོར་བྱ་ཡུལ་གསར་པར་བསྐྱོད་དེ་ཡུལ་སྐོར་ལམ་ཐིག་མྱུལ་ཞིབ་དངོས་སུ་བྱ་རྒྱུ་རེད། ཡུལ་སྐོར་དུས་ཆེན་གྱི་རིང་དུ་ད་རུང་རྡོ་འགྱོགས་དང་། བལ་སྐུད་འཁེལ་བ། སྒྲ་མདའ་འཕེན་པ། ཤུགས་འགྲན་ཐག་འཐེན། གཉའ་བཅག རྩམ་པ་བརྫི་བ་སོགས་ཀྱི་ལུས་རྩལ་འགྲན་བསྡུར་དང་། ཚོང་ཟོག་འགྲེམས་འཚོང་། པར་རིས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོའང་སྤེལ་རྒྱུ་རེད། 
    ༄༅།།བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་གི་དམངས་སྲོལ་ཡུལ་སྐོར་རིག་གནས་དུས་ཆེན་གཏོང་
འགོ་ཚུགས་པ།
    ༄༅།།བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་གི་དམངས་སྲོལ་ཡུལ་སྐོར་རིག་གནས་དུས་ཆེན་གཏོང་
འགོ་ཚུགས་པ།
    ༄༅།།བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་གི་དམངས་སྲོལ་ཡུལ་སྐོར་རིག་གནས་དུས་ཆེན་གཏོང་
འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།