འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་གྲུ་ཨང་བཅུ་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་ཡོངས་བསྒྲགས་བྱས་པ། 

    ཅིང་ཧའེ་ཕུང་འཕུར་སྐྱོད་ཐེངས་གསུམ་བྱས་ནས་ཟིན་ཐོ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་མཁན་འཇིག་རྟེན་མཁའ་སྐྱོད་པའི་ཚོགས་ཆུང་ཚེས་16ཉིན་གྱི་སྔ་དྲོར་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འཚོགས་པའི་གསར་འགོད་པ་དང་ཐུག་འཕྲད་ཀྱི་འདུ་ཚོགས་ཐོག་ཡོངས་བསྒྲགས་བྱས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་ཡང་བརྒྱབ་པ་རེད།
         ལས་འགན་སྒྲུབ་རིང་ལོ་ན་50ལ་སླེབས་པའི་ཧྲན་ཤིས་བ་ཅིང་ཧའེ་ཕུང་གིས་བཀའ་བཀོད་པའི་འགན་འཁུར་ནས་མི་བཞུགས་འཕུར་གྲུ་གཏོང་བ་དང་། འབྲེལ་མཐུད། འཕུར་སྐྱོད་འཆར་གཞི་དོ་དམ། འཕུར་སྐྱོད་བདེ་འཇགས་འགན་ལེན་བཅས་ཀྱི་འགན་འཁུར་རྒྱུ་རེད།
         དེ་ནི་ཅིང་ཧའེ་ཕུང་བར་སྣང་དུ་བསྐྱོད་ཐེངས་གསུམ་པ་ཡིན་ལ་ཀྲུང་གོ་བའི་འཕུར་སྐྱོད་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད། 2008ལོ་དང་2012ལོར་ཁོང་གིས་ལྷ་གྲུ་་ཨང་བདུན་པ་དང་ཨང་དགུ་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཁག་སོ་སོར་བསྒྲུབས་ཡོད་པ་རེད།
         ལོ་དྲུག་གོང་གྲུང་ཤ་དོད་པའི་ཧོ་ནན་བ་ཁྲེན་ཏུང་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་ཁག་གཉིས་པའི་ཁྲོད་ཀྱི་གྲས་ཤིག་ཏུ་གྱུར་ཡོད། ད་རེས་ཁོང་བར་སྣང་དུ་སྐྱོད་ཐེངས་དང་པོ་ཡིན་ལ་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་ཁག་གཉིས་པའི་ཁྲོད་ནས་འཇིག་རྟེན་འཕུར་སྐྱོད་པ་སྐྱེས་པ་ཐོག་མ་དེ་རེད།
         འཆར་གཞིར་གཞིགས་ན་ཀྲུང་གོ་བར་སྣང་ས་ཚིགས་2020ལོའི་སྔ་ནུབ་ཏུ་བསྐྲུན་ཟིན་པ་བྱ་རྒྱུ་རེད། “ཀྲུང་གོའི་བར་སྣང་ས་ཚིགས་ནི་བར་སྣང་གི་ཀྲུང་གོ་བའི་ཁྱིམ་གཞིས་ཡིན་ལ་འཇིག་རྟེན་འཕུར་སྐྱོད་པ་ཚང་མས་ཞག་སྡོད་བྱེད་བདེ་བའི་གནས་ཤིག་ཀྱང་ཡིན”ཞེས་ཅིང་ཧའེ་ཕུང་གིས་བརྗོད་པ་དང་། ཁོང་གིས“ངས་བར་སྣང་ས་ཚིགས་བསྐྲུན་པ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་མང་ཙམ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། མེས་རྒྱལ་ལ་དགོས་མཁོ་ཡོད་ན་ངས་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན”ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།