འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།“བོད་ལྗོངས་གསར་གཏོད་འདུ་ཤེས་”ཞེས་པ་ཞི་ཧུའུ་མཚེའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་
    སུ་སྟོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།“བོད་ལྗོངས་གསར་གཏོད་འདུ་ཤེས་”ཞེས་པ་ཞི་ཧུའུ་མཚེའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་
སུ་སྟོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་14ཉིན་“ཀྲུང་གོ་ཧང་ཀྲོའུ་ཞི་ཧུའུ་མཚེའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅོ་བརྒྱད་པ་”དེ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་དངོས་སུ་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། 2000ལོར་ཞི་ཧུའུ་མཚེའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སླར་ཡང་གཉེར་འགོ་བརྩམས་པ་ནས་བཟུང་། དངོས་མང་སྟོན་ཚོགས་དེའི་རྒྱལ་སྤྱིའི་བག་ཆགས་འཇོག་ནུས་དང་། ཆེད་ལས་ཀྱི་གཉེར་སྐྱོང་བྱེད་ཤུགས། ཚོང་རའི་ཧྲིལ་འདྲེས་བྱེད་ཤུགས། ཐོན་རྫས་གྲགས་ཅན་འདུས་ཤུགས། ཐོན་ལས་གཅིག་བསྡུས་བྱེད་ཤུགས་བཅས་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་གྱུར་ཡོད་པ་རེད། མིག་སྔར་ཞི་ཧུའུ་མཚེའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ནི་རྒྱལ་ཁབ་ཕྱི་ནང་གི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་ཙམ་ལྡན་པའི་ཐོན་རྫས་གྲགས་ཅན་འགྲེམས་སྟོན་བྱེད་སའི་ཡ་གྱལ་དུ་གྱུར་ཡོད་པ་རེད། 
         ཐེངས་འདིའི་ཞི་ཧུའུ་མཚེའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལ་ཆེད་དུ་གླེང་དགོས་པ་ཞིག་ནི་“བོད་ལྗོངས་གསར་གཏོད་འདུ་ཤེས་”ཞེས་པ་དེ་ཡིན་ཞིང་། མཇུག་བསྒྲིལ་ནས་ཡུན་རིང་མ་སོང་བའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སུ་བོད་ཁུལ་གྱི་ཐོན་ཁུངས་རྒྱབ་ལྗོངས་ཕུན་ཚོགས་དང་ལས་རིགས་ཁག་གི་གསར་གཏོད་མི་སྣའི་ཐོན་ཁུངས་ལ་བརྟེན་ནས་རྒྱལ་ཁ་ཆེན་པོ་ཐོབ་པ་མ་ཟད་སྤྱི་ཚོགས་ཀྱི་དོ་ཁུར་ཡང་ཡོངས་ཁྱབ་ཏུ་ཐོབ་པ་རེད། ཟླ་10ཚེས་14ཉིན་ནས་ཚེས་16ཉིན་བར་དུ་“བོད་ལྗོངས་གསར་གཏོད་འདུ་ཤེས་”ཀྱིས་བོད་ལྗོངས་ཀྱི་ཡུལ་སྐོར་ཁྱབ་སྤེལ་གཏོང་བ་དང་བོད་ལྗོངས་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུ་རང་འཁྲིའི་ལས་འགན་དུ་བཟུང་ནས་ཧང་ཀྲོའུ་གྲོང་ཁྱེར་གྱི་གྲོང་མི་རྣམས་དང་G20ཡི་ཡུལ་སྐོར་བ་དག་ལ་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་བསྟན་པ་རེད། 
    ༄༅།།“བོད་ལྗོངས་གསར་གཏོད་འདུ་ཤེས་”ཞེས་པ་ཞི་ཧུའུ་མཚེའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་
སུ་སྟོན་པ།
    ༄༅།།“བོད་ལྗོངས་གསར་གཏོད་འདུ་ཤེས་”ཞེས་པ་ཞི་ཧུའུ་མཚེའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་
སུ་སྟོན་པ།
    ༄༅།།“བོད་ལྗོངས་གསར་གཏོད་འདུ་ཤེས་”ཞེས་པ་ཞི་ཧུའུ་མཚེའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་
སུ་སྟོན་པ།
    ༄༅།།“བོད་ལྗོངས་གསར་གཏོད་འདུ་ཤེས་”ཞེས་པ་ཞི་ཧུའུ་མཚེའུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་
སུ་སྟོན་པ།
      

    ཕྱོགས་བསྡུས་གསར་འགྱུར།