འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི“རྒྱལ་ཡོངས་ཀྱི་གསར་གཏོད་གཉིས་ཀྱི་བྱེད་སྒོའི་གཟའ་འཁོར”འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་17ནས་ཡོང་བའི་གསར་གཏོད་དང་བྱ་གཞག་གསར་གཏོད་ཀྱི་འཐུས་མི་ཧྲེན་ཀྲེན་མཚོ་ཁུག་བྱ་གཞག་གསར་གཏོད་ཐང་ཆེན་དུ་འཛོམས་ཏེ་2016ལོའི“རྒྱལ་ཡོངས་ཀྱི་ཀུན་གྱིས་བྱ་གཞག་གཏོད། དམངས་ཀྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར”དངོས་སུ་འགོ་ཚུགས་པ་རེད།
          འདི་ལོའི“གསར་གཏོད་གཉིས་ཀྱི་བྱེད་སྒོའི་གཟའ་འཁོར”དེ་ཟླ་10ཚེས་12ནས་18ཉིན་བར་སྤེལ་རྒྱུ་ཡིན་པ་དང་བྱེད་སྒོ་དེར་ཧྲེན་ཀྲེན་གྱི་ཚོགས་ར་གཙོ་བོ་དང་པེ་ཅིང་ཚོགས་ར་གཉིས་སུ་དབྱེ་རྒྱུ་མ་ཟད། རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་ཡན་ལག་ཚོགས་ར་འཛུགས་རྒྱུ་ཡིན་པ་དང་དེའི་བརྗོད་དོན་གཙོ་བོ་ནི“དཔལ་འབྱོར་གསར་པ་འཕེལ་རྒྱས་དང་འགུལ་ནུས་གསར་པ་སྐྱེད་སྲིང་བྱེད” ཅེས་པ་དེ་ཡིན་ཞིང་། འགོ་ཚུགས་མཛད་སྒོ་འཚོགས་པ་ཕུད་ཧྲེན་ཀྲེན་གྱི་ཚོགས་ར་གཙོ་བོས་ད་དུང་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་དང་། གོ་ལ་ཧྲིལ་པོའི་མངོན་འགྱུར་བའི་མ་ལ་སུང་། མངོན་འགྱུར་བའི་ལས་ཡུལ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མངོན་འགྱུར་བའི་གཙོ་འཛིན་བཞུགས་མོལ་ཚོགས་འདུ་སོགས་གཙོ་གནད་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
          བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ཐོག་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ལས་རིགས་ཁག་གིས་གསར་གཏོད་གཉིས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཐོན་པའི་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ལས་ཀའི་རྣམ་པ་གསར་པ་བཅས་གཙོ་བོར་འགྲེམས་སྟོན་བྱས་པ་དང་འགུལ་ནུས་གསར་པ་འཚར་ལོངས་བྱེད་མགྱོགས་སུ་གཏོང་བ་དང་སྲོལ་རྒྱུན་གྱི་འགུལ་ནུས་སྒྱུར་བཅོས་རིམ་སྤོར་བྱས་ནས་ཐོབ་པའི་གྲུབ་འབྲས་ཀྱི་ཉམས་མྱོང་དང་དཔེ་མཚོན་གྱི་གྱོད་དཔེ་འགྲེམས་སྟོན་བྱ་རྒྱུ་དང་འགྲེམས་ཁྱོན་སྨི་ངོས་གྲུ་ཁྲི་1.6ཟིན་གྱི་ཡོད་པ་རེད།
          ཀྲུང་གོ་དང་ཕྱི་རྒྱལ་གྱི་མངོན་འགྱུར་བའི་གཙོ་འཛིན་བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཁབ་ཕྱི་ནང་གི་མངོན་འགྱུར་བའི་ལས་རིགས་ཀྱི་འཐུས་མིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མངོན་འགྱུར་བས་འཕེལ་རྒྱས་ཀྱི་ལས་ཀའི་རྣམ་པ་གསར་པ་དང་དུས་བབ་གསར་པར་དམིགས་ནས་ལྟ་བ་བརྗོད་པ་དང་སྤེལ་རེས་དང་གྲོས་བསྡུར་བྱས་ཏེ་གོ་ལ་ཧྲིལ་པོའི་མངོན་འགྱུར་བའི་འཕེལ་རྒྱས་འདུ་ཤེས་གསར་ཤོས་ལོངས་སུ་སྤྱད་དེ་མངོན་འགྱུར་བ་དང་། མཉམ་དུ་བར་མཐོངས་གཏོད་པ། སྐྱོང་གསོ་བཅས་དང་དེ་བཞིན་གསར་གཏོད་མ་འཇོག་སྒྲིག་གཞིའི་དབར་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
          ཀྲུང་གོ་ཚན་རིག་མཐུན་ཚོགས་ཁེ་ལས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཁེ་ལས་གསར་གཏོད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲེན་ཧའོ་ཅུན་གྱིས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ད་དུང་པེ་ཅིང་གི་ཚོགས་རར་བྱ་གཞག་གསར་གཏོད་མ་འཇོག་ལས་རིགས་ཀྱི་དབུ་ཚོགས་དང་། བརྙན་ལམ་ཐུང་གྲས་ཀྱི་འགྲེམས་སྟོན། གསར་གཏོད་གཉིས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་། པུའུ་ཨུད་ཁག་གིས་ཀྱང་བྱེད་སྒོ་གལ་ཆེན་སྣ་ཚོགས་སྤེལ་རྒྱུ། རྒྱལ་ཡོངས་ས་གནས་ཁག་གི་ཡན་ལག་ཚོགས་རར་ཡང་བྱེད་སྒོ་ཐེངས་མང་སྤེལ་བ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་དང་བྱ་གཞག་གསར་གཏོད་ཀྱི་སྤྲོ་སེམས་ཐུན་མོང་ཐོག་འཕེལ་བ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།