འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་ཆེན་དམར་དམག་རྒྱང་སྐྱོད་རྟེན་རྫས་བཤམས་མཛོད་ཁང་དུ་གསར་བརྗེའི་ལོ་རྒྱུས་དྲན་གསོ་
    དང་རྒྱལ་གཅེས་བརྩེ་སེམས་འཕེལ་བ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
          མི་དམངས་དྲ་བའི་འཕྲིན། ཡུན་ནན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་གནའ་གྲོང་གི་ཟླ་འོད་ཐང་ཆེན་གྱི་ལྷོ་བྱང་གཉིས་སུ་གནས་པའི་བདེ་ཆེན་ཀྲོའུ་ཡི་དམར་དམག་རྒྱང་སྐྱོད་རྟེན་རྫས་བཤམས་མཛོད་ཁང་དང་མི་རིགས་རྟེན་རྫས་བཤམས་མཛོད་ཁང་དུ་ཉིན་ལྟར་ལྟ་སྐོར་བྱེད་པར་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད།
         མི་རིགས་རྟེན་རྫས་བཤམས་མཛོད་ཁང་དུ་སྒྲིག་གཤོམ་བྱས་པའི་དངོས་པོར་ཡུལ་སྐོར་བ་ཚོས་ལྟ་གིན་དུ་གྲོས་བསྡུར་བྱེད་བཞིན་འདུག ཀྲེང་ཀྲོའུ་ཡི་ཡུལ་སྐོར་བ་ཝང་ཧུང་ཝུན་གྱིས“དེ་སྔ་གཙོ་བོ་བརྙན་འཕྲིན་བརྒྱུད་བོད་རིགས་ས་ཁུལ་ལ་ཤེས་རྟོགས་བྱེད་ཀྱི་ཡོད། ད་ཐེངས་ངས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པར་ཡོང་སྟེ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་བརྒྱུད་མི་རིགས་དེའི་འཕེལ་རྒྱས་ལོ་རྒྱུས་ཤེས་རྟོགས་ཐུབ་བྱུང་ལ། སེམས་རྩ་འཁོལ་བའི་བོད་མི་རིགས་ལ་རྒྱ་མཚོ་ལྟ་བུའི་བློ་རྒྱ་ཡོད་པ་མ་ཟད། ཞི་བདེ་དང་མཐུན་སྒྲིལ་ལ་དགའ་བ་དང་བརྩོན་པ་ལྷུར་ལེན་བཞིན་པའི་ས་མཐོའི་མི་རིགས་ཤིག་ཡིན་པ་གཞི་ནས་ཤེས་བྱུང”ཞེས་བཤད།
         མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཧོ་ཀུའེ་ཧྭ་ཡིས“ཞིང་ཆེན་རིམ་པའི་ཚན་རིག་ཁྱབ་གདལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན་པའི་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གིས་ཡུན་ནན་བོད་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་སེམས་ཀྱི་ཉི་ཟླའི་རང་བྱུང་ཡུལ་ལྗོངས་དང་། ལོ་རྒྱུས། མི་རིགས་ཀྱི་རིག་གནས། འཕེལ་རྒྱས་གྲུབ་འབྲས་སོགས་གཟིགས་མོ་བའི་སྤྱན་ལམ་དུ་བསྟར་ཡོད་པ་དེའི་དམིགས་ཡུལ་གཙོ་བོ་ནི་མི་དམངས་ཀྱིས་མེས་རྒྱལ་གྱི་ལོ་རྒྱུས་དང་རིག་གནས་ལ་དགའ་ཞེན་བྱེད་པ་དང་འབྲེལ་མི་རིགས་ཀྱི་རང་བརྩིའི་བསམ་པ་དང་ཡིད་ཆེས་ཀྱི་བསམ་པ་ཆེ་རུ་བཏང་ནས་བདེ་ཆེན་བོད་རིགས་ས་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་ནུས་ཤུགས་ཡོད་རྒུ་འདོན་ཆེད་ཡིན”ཞེས་བཤད།
         དམར་དམག་རྟེན་རྫས་བཤམས་མཛོད་ཁང་དུ་སྐྱོད་སྐབས། གང་ས་གང་ལ་ལྟ་སྐོར་བྱེད་མཁན་ཡུལ་སྐོར་བས་པར་རྒྱག་བཞིན་མཆིས་ལ། འགྲེལ་བཤད་རྒྱག་མཁན་གྱིས་ཞིབ་ཕྲའི་འགྲེལ་བཤད་བརྒྱབ་པ་དང་བསྟུན་ནས། མི་རྣམས་ཀྱིས་གསར་བརྗེའི་ལོ་རྒྱུས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་ཕྱིར་དྲན་བྱས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤེས་རྟོགས་བྱེད་བཞིན་འདུག
      

    ཕྱོགས་བསྡུས་གསར་འགྱུར།