འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ནོ་པེར་རྩོམ་རིག་གཟེངས་རྟགས་ཨ་རི་པ་པོ་པི་ཏེ་ལན་ལ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    པོ་པི་ཏེ་ལན།
    པོ་པི་ཏེ་ལན།
          མི་དམངས་དྲ་བའི་འཕྲིན། ནོ་པེར་གཟེངས་རྟགས་ཀྱི་གཞུང་ཕྱོགས་དྲ་ཐོག་ཏུ་སྤེལ་བའི་གནས་འཕྲིན་གསར་ཤོས་ལ་གཞིགས་ན། སུའེ་ཏེན་རྒྱལ་ཁབ་སི་ཐོག་ཁོར་མོའི་ས་གནས་དུས་ཚོད་ཟླ་10ཚེས་13ཉིན་གྱི་ཆུ་ཚོད་13:00ཐོག 2016ལོའི་ནོ་པེར་རྩོམ་རིག་གཟེངས་རྟགས་ཐོབ་མཁན་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། ཨ་རིའི་དམངས་གླུ་སྙན་ངག་པ་པོ་པི་ཏེ་ལན་(Bob Dylan)ལ་གཟེངས་རྟགས་འདི་ཉིད་ཐོབ་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། སུའེ་ཏེན་གྱི་མི་ནོ་པེར་གྱིས་1895ལོའི་ཟླ་11ཚེས་27ཉིན་ཁ་ཆེམས་བྲིས་ཏེ་རང་ཉིད་ཀྱི་རྒྱུ་ནོར་ཡོངས་རྫོགས་ཏེ་སུའེ་ཏེན་གྱི་སྒོར་མོ་ཁོ་ལང་ཁྲི་3122ཀྱིས་ཐེབས་རྩའི་ཚོགས་པ་འཛུགས་རྒྱུ་དང་། ལོ་རེར་ཐོབ་པའི་སྐྱིན་བུ་དེ་གཟེངས་རྟགས་དངུལ་དུ་བྱས་ནས"ལོ་གཅིག་ནང་གི་མིའི་རིགས་ལ་བྱས་རྗེས་རླབས་ཆེན་བཞག་པའི་མི་སྣ"ལ་གཟེངས་རྟགས་སུ་སྤྲོད་རྒྱུ་བྱས་ཡོད་པ་རེད། ཁོང་གི་ཁ་ཆེམས་ལ་གཞིགས་ན། ལོ་དེར་སུའེ་ཏེན་སྲིད་གཞུང་གིས"ནོ་པེར་ཐེབས་རྩའི་ཚོགས་པ"བཙུགས་པ་དང་། ཐེབས་རྩའི་ལོ་རེ་ཡི་སྐྱིན་བུ་དེ་ཁག་ལྔ་རུ་བགོས་ཏེ་སྤྲོད་རྒྱུ་བྱས་ཡོད་ལ། རྩོམ་རིག་གཟེངས་རྟགས་ནི་དེའི་ནང་གི་ཁག་གཅིག་ཡིན་པ་རེད།
           རྩོམ་རིག་གཟེངས་རྟགས་ནི་རྩོམ་རིག་ཕྱོགས་ཀྱི་ཕུགས་བསམ་གྱི་ཕྱོགས་ཞེན་ཆེ་བའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་མཁན་ལ་སྤྲོད་ཀྱི་ཡོད་ཅིང་། གཟེངས་རྟགས་འདི་ནི་སུའེ་ཏེན་རྩོམ་རིག་སློབ་གླིང་གིས་སྤྲོད་བཞིན་ཡོད་པ་རེད།
           མི་སྣ་ངོ་སྤྲོད།
            པོ་པི་ཏེ་ལན། སྔོན་གྱི་མིང་ལ་རོ་པེར་ཐི་ཨལ་ལེན་ཙི་མེར་མན་(Robert Allen Zimmerman)ཟེར་ཞིང་། ཨ་རིའི་དགའ་སྐྱོ་(摇滚\Rock and Roll)དང་དམངས་གླུ་སྒྱུ་རྩལ་པ་ཡིན་པ་རེད། མཐོ་འབྲིང་སྐབས་ནས་བཟུང་རང་ཉིད་ཀྱི་རོལ་དབྱངས་ཚོགས་པ་བཙུགས་པ་དང་། 1959ལོར་མཐོ་འབྲིང་མཐར་ཕྱིན་རྗེས་མིན་ནི་སོ་ཐ་(University of Minnesota)ནས་སློབ་ཆེན་འགྲིམ་པ་རེད། སློབ་ཆེན་སྐབས་དམངས་གླུ་ལ་དགའ་མོས་བྱུང་ནས་སློབ་གྲྭའི་ཉེ་འཁོར་གྱི་དམངས་གླུ་དར་ཁུལ་དུ་འཁྲབ་སྟོན་བྱས་པ་མ་ཟད། ཐེངས་དང་པོར་པོ་པི་ཏེ་ལན་ཞེས་པ་སྒྱུ་རྩལ་གྱི་མིང་དུ་བཏགས། 1961ལོར། ཁུ་ལུན་པའེ་ཡ་སྒྲ་སྡེར་ཀུང་སི་དང་གན་རྒྱ་བཞག་ལ། 1962ལོར་མིང་ལ་《པོ་པི་ཏེ་ལན་》ཞེས་པའི་ཆེད་བསྒྲིགས་ཐོག་མ་འགྲེམས་སྤེལ་བྱས་པ་རེད།
    ༄༅།།2016ལོའི་ནོ་པེར་རྩོམ་རིག་གཟེངས་རྟགས་ཨ་རི་པ་པོ་པི་ཏེ་ལན་ལ་ཐོབ་པ།
      

    ཕྱོགས་བསྡུས་གསར་འགྱུར།