འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གཤགས་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གཤགས་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། 2014ལོའི་ཟླ་དགུ་པའི་ཟླ་སྟོད་དུ་དེ་སྔ་ནད་ཀྱིས་མནར་བའི་བོད་ལྗོངས་ཉི་མ་རྫོང་གི་ལོ་2ལ་སླེབས་པའི་ལྷན་སྐྱེས་སྙིང་ནད་ཕོག་མཁན་འཆི་མེད་ལྷ་མོ་ནང་མི་དང་མཉམ་དུ་པེ་ཅིང་ཨན་ཀྲེན་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་། ལྷ་སར་སྨན་བཅོས་བྱས་ནས་སྡོད་རིང་སྨན་རིན་སྒོར་ཁྲི་4ལྷག་ཙམ་བཏང་ཟིན། འོན་ཀྱང་པེ་ཅིང་དུ་གཤགས་བཅོས་བྱེད་དགོས་ཚེ། སྨན་རིན་སྒོར་ཁྲི་7ལྷག་ཙམ་དགོས་པས་འཚོ་བའི་ཆ་རྐྱེན་ཡག་པོ་མེད་པའི་ཁྱིམ་ཚང་དེར་འགྱེལ་བའི་སྟེང་ལ་རྡོག་བརྫིས་བཏང་བ་ལྟར་བྱུང་། པེ་ཅིང་ཨན་ཀྲེན་སྨན་ཁང་དང་གཅེས་སེམས་མི་སྣ་མང་པོས་གནས་ཚུལ་དེ་ཤེས་རྗེས་ཁོ་མོར་གཤགས་བཅོས་ཀྱི་དངུལ་ཞལ་འདེབས་བརྒྱབ་པ་དང་། གཤགས་བཅོས་ཐེངས་གཉིས་བྱས་རྗེས་འཆི་མེད་ལྷ་མོ་དྲག་སྐྱེད་ཡག་པོ་བྱུང་ནས་བོད་དུ་ལོག་རྒྱུ་བྱུང་བ་མ་ཟད། མི་རིང་བའི་གོང་ཁོ་མོས་དཔེ་ཁུག་འཁྱེར་ཏེ་བུ་བཅོལ་ཁང་གི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཤིང་། འདི་ནི་ཕ་མས་འཆི་མེད་ལྷ་མོ་བུ་བཅོལ་ཁང་དུ་སྐྱེལ་རྩིས་བྱེད་པའི་གནས་ཚུལ་ཡིན་པ།
    ༄༅།།ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གཤགས་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།