འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྒྱ་བོད་ཉེར་སྤྱོད་ཚིག་མཛོད་》འགྲེམས་སྤེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྒྱ་བོད་ཉེར་སྤྱོད་ཚིག་མཛོད་》འགྲེམས་སྤེལ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་བྲིས་དཔེ་སྐྲུན་བྱས་པའི་《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྒྱ་བོད་ཉེར་སྤྱོད་ཚིག་མཛོད་》པར་ཕུད་འགྲེམས་སྤེལ་དང་ཞལ་འདེབས་འབུལ་བའི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཡ་རྫི་བོད་ཡིག་སློབ་འབྲིང་དུ་འཚོགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་ཚིག་མཛོད་སྤུས་ལེགས་136དང་སྤྱིར་བཏང་ཚིག་མཛོད་1431ཞལ་འདེབས་ཕུལ་བ་དང་རིན་ཐང་ཁྱོན་སྒོར་ཁྲི་5.2ཙམ་ཟིན་ཡོད་པ་རེད།
         《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྒྱ་བོད་ཉེར་སྤྱོད་ཚིག་མཛོད་》དེ་སློབ་གཞི་རྩོམ་སྒྱུར་གྱི་ཕྱག་ལས་ཡུན་རིང་གནང་མྱོང་མཁན་དང་སྐད་གཉིས་སློབ་ཁྲིད་གནང་མཁན་གྱི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ་དུས་ཡུན་ལོ་དྲུག་གི་དུས་ཚོད་ནང་རྩོམ་འབྲི་ལེགས་གྲུབ་བྱུང་ཞིང་། དེའི་ནང་རྒྱུན་སྤྱོད་རྒྱ་ཡིག་ཡིག་འབྲུ་2700ལྷག་ཙམ་བསྡུས་ཡོད་པ་དང་། གོ་རིམ་བཞིན་ཚིག་གྲོགས་15000དང་། བརྗོད་པ་700 ཚོན་ལྡན་པར་རིས་600ཙམ། ཚོན་ཁྲ་ཅན་གྱི་བར་བཅུག་རི་མོ་བཅས་ཡོད་པ་མ་ཟད། དེར་འགུལ་སྟངས་བྱ་སྤྱོད་དང་། སྲོག་ཆགས་དང་རྩི་ཤིང་། དངོས་རྫས། ཨར་སྐྲུན། འགྲིམ་འགྲུལ་ཡོ་བྱད་སོགས་ཡོད་པས་གསོན་ཉམས་རང་བཞིན་དང་ལྟ་སྣང་རང་བཞིན་ཆེན་པོ་ལྡན་པ་མ་ཟད། སློབ་མ་ཚོས་མཐོང་བ་ཙམ་གྱིས་དངོས་པོའི་མིང་རྟོགས་ཐུབ་ཀྱི་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། 《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྒྱ་བོད་ཉེར་སྤྱོད་ཚིག་མཛོད་》དཔེ་སྐྲུན་བྱས་པ་དེས་བོད་རིགས་ས་ཁུལ་གྱི་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཚིག་མཛོད་ཀྱི་སྟོང་ཆ་གསབ་ཐུབ་པ་བྱུང་བ་དང་། མི་རིགས་ཡི་གེའི་དཔེ་སྐྲུན་གྱི་དངོས་པོ་དང་ཞབས་ཞུ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་རྨང་གཞིའི་སློབ་གསོའི་དགོས་མཁོ་དངོས་བསྐངས་ཐུབ་པ་བྱུང་བའི་ཐོག་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།
    ༄༅།།《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྒྱ་བོད་ཉེར་སྤྱོད་ཚིག་མཛོད་》འགྲེམས་སྤེལ་བྱས་པ།
    ༄༅།།《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྒྱ་བོད་ཉེར་སྤྱོད་ཚིག་མཛོད་》འགྲེམས་སྤེལ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།