འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སས་ཆུ་འགོར་སྲུང་སྐྱོང་དང་སྣོད་བཅུད་སླར་གསོའི་ལམ་ལུགས་ནན་ཤོས་ལག་བསྟར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལྷ་ས་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ནས་ཤེས་རྟོགས་བྱུང་གསལ། 《ལྷ་ས་གྲོང་ཁྱེར་གྱི་ཆུའི་སྦགས་བཙོག་འགོག་བཅོས་བྱེད་ཐབས་ཀྱི་འཆར་འགོད་ལག་བསྟར་ཇུས་གཞི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)ཞེས་པ་ཉིན་ཤས་གོང་བཏོན་པ་དང་། སླད་ཕྱིན་ལྷ་ས་གྲོང་ཁྱེར་གྱིས་ཆུ་འགོ་སྲུང་སྐྱོང་དང་སྣོད་བཅུད་སླར་གསོའི་ལམ་ལུགས་ནན་ཤོས་ལག་བསྟར་བྱ་རྒྱུ་རེད་འདུག
         ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་དོན། ལྷ་སའི་མིག་སྔའི་ཆུ་རྒྱུག་ཁུལ་གྱི་ཁོར་ཡུག་གི་སྤུས་ཚད་སྤྱིར་ན་ཡག་པོ་ཡོད་མོད། འོན་ཀྱང་འཚོ་བའི་བཙོག་ཆུ་འབུད་ཚད་ལོ་རེ་བཞིན་མང་དུ་འགྲོ་བ་དང་། ཕྱུགས་རིགས་གསོ་ཚགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བས། ཆུ་འགོའི་ཁོར་ཡུག་བདེ་འཇགས་དང་གྲོང་ཁྱེར་ནང་གི་ཆུ་རྒྱུག་ཁུལ་གྱི་ཁོར་ཡུག་གི་སྤུས་ཚད་དེ་ཙམ་ཡག་པོ་མེད་པ་དང་དུས་མཚུངས། ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་ནུས་མི་འདང་བའི་གནས་ཚུལ་འཕྲད་ཡོད་པས་གྲོང་ཁྱེར་ཡོངས་ཀྱི་ཆུ་རྒྱུག་ཁུལ་གྱི་ཁོར་ཡུག་བཟང་པོ་འགན་ལེན་ཡོང་ཆེད་《ཇུས་གཞི་》དེ་ཆེད་མངགས་བཟོས་པ་རེད།
         《ཇུས་གཞིའི་》ནང་ལྷ་ས་གྲོང་ཁྱེར་གྱི་རྫོང་(ཆུས་)ཁག་གི་སྲིད་གཞུང་གིས་རང་གི་ཁོངས་གཏོགས་ཀྱི་སྲིད་འཛིན་ཁྱབ་ཁོངས་ནང་གི་ཆུ་རྒྱུག་ཁུལ་གྱི་ཁོར་ཡུག་སྤུས་ཚད་ཀྱི་འགན་ཁུར་དགོས་པ་དང་། ཆུ་རྒྱུག་ཁུལ་གྱི་ཁོར་ཡུག་སྤུས་ཚད“དེ་བས་ཡག་ཏུ་འགྲོ་བ་ལས། སྡུག་ཏུ་མི་འགྲོ་བ་བྱེད་པའི”རྩ་དོན་ལ་གཞིགས་ནས་གྲོང་ཁྱེར་ཡོངས་ཀྱི་ཆུ་རྒྱུག་ཁུལ་གྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་པོ་ཡོང་བའི་འགན་ལེན་བྱས་ཏེ་སྣོད་བཅུད་མ་ལག་འཁོར་རྒྱུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།
         《ཇུས་གཞིའི་》ནང་ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོབ་ཧུར་ཐག་བྱེད་པ་དང་དུས་མཚུངས། ཁོར་ཡུག་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་ནན་པོ་བྱས་ནས་ཁོར་ཡུག་གཏོར་སྐྱོན་གཏོང་བ་སོགས་ཁྲིམས་འགལ་བྱེད་སྤྱོད་དང་ཁྲིམས་འགལ་གྱི་འཛུགས་སྐྲུན་རྣམ་གྲངས་ཁག་ལ་ཆད་པ་ནན་པོ་གཅོད་པ་དང་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆུ་རྒྱུག་ཁུལ་གྱི་ཁོར་ཡུག་ལྟ་སྐུལ་ཚད་ལེན་བྱེད་པའི་དྲ་བ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།