འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚད་རྡུལ་སྲུང་སྐར་གྱི་འཁོར་ལམ་ཐོག་གི་ཚོད་ལྟ་བདེ་བླག་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རང་རྒྱལ་གྱི་ཚད་རྡུལ་སྲུང་སྐར་གྱི་འཁོར་ལམ་ཐོག་གི་ཚོད་ལྟ་བདེ་བླག་བྱུང་བ།
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་10ཚེས་12ཉིན་ཀྲུང་གོ་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་གསལ། གོ་ལ་ཧྲིལ་པོའི་ཚད་རྡུལ་ཚན་རིག་ཚོད་ལྟའི་སྲུང་སྐར་དང་པོ་སྟེ“མོ་ཙི་རྟགས་ཅན”གྱི་དུས་ཡུན་ཟླ་བ་གསུམ་རིང་གི་འཁོར་ལམ་ཐོག་གི་ཚོད་ལྟ་སྤེལ་བ་དང་། མིག་སྔར་ཚོད་ལྟའི་གནས་ཚུལ་ཡག་པོ་ཡོད་ཅིང་། སྔོན་དཔག་བྱས་ན་ཟླ་11ཟླ་དཀྱིལ་དུ་འཁོར་ལམ་ཐོག་གི་ཚོད་ལྟའི་ལས་དོན་ཚང་མ་ཚར་བ་བྱ་རྒྱུ་ཡིན་པ་དང་། དེ་རྗེས་སྲུང་སྐར་བེད་སྤྱོད་བྱ་རྒྱུར་རྩིས་སྤྲད་དེ་ཚན་རིག་ཚོད་ལྟ་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།
           ཚད་རྡུལ་སྲུང་སྐར་གྱི་དབུ་བཞུགས་ཚན་རིག་པ་ཡོན་ཧྲི་ཕན་ཅན་ཝེས། ཚད་རྡུལ་སྲུང་སྐར་གྱི་འཁོར་ལམ་ཐོག་གི་ཚོད་ལྟའི་ནང་དུ་སྲུང་སྐར་ལས་སྟེགས་ཚོད་ལྟ་དང་། ནུས་ལྡན་གྱི་ཐེག་ཚད་ཚོད་ལྟ། གནམ་ས་འབྲེལ་ལམ་ཚོད་ལྟ་བཅས་ཚོད་ལྟ་ཁག་གསུམ་ཡོད་ཅིང་། མིག་སྔར་སྲུང་སྐར་ལས་སྟེགས་ཚོད་ལྟ་དང་ནུས་ལྡན་གྱི་ཐེག་ཚད་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་། གནམ་ས་འབྲེལ་ལམ་ཚོད་ལྟའི་ལས་དོན་ཁག་ཅིག་ཀྱང་ལེགས་སྒྲུབ་བྱས་ཡོད་པ་རེད།
          ཚད་རྡུལ་ཚན་རིག་ཚོད་ལྟ་སྲུང་སྐར“མོ་ཙི་རྟགས་ཅན”དེ་འདི་ལོའི་ཟླ་8ཚེས་16ཉིན་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་པ་དེས་རང་རྒྱལ་གྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྔོན་ལ་སྲུང་སྐར་དང་ས་ངོས་དབར་གྱི་ཚད་རྡུལ་འཕྲིན་གཏོང་མངོན་འགྱུར་བྱས་ནས་གནམ་ས་གཞི་གཅིག་ཅན་གྱི་ཚད་རྡུལ་ཚན་རིག་ཚོད་ལྟའི་མ་ལག་ཅིག་འཛུགས་ཐུབ་རྒྱུ་ཡིན་པ་རེད།
    ༄༅།།རང་རྒྱལ་གྱི་ཚད་རྡུལ་སྲུང་སྐར་གྱི་འཁོར་ལམ་ཐོག་གི་ཚོད་ལྟ་བདེ་བླག་བྱུང་བ།
    ༄༅།།རང་རྒྱལ་གྱི་ཚད་རྡུལ་སྲུང་སྐར་གྱི་འཁོར་ལམ་ཐོག་གི་ཚོད་ལྟ་བདེ་བླག་བྱུང་བ།
    ༄༅།།རང་རྒྱལ་གྱི་ཚད་རྡུལ་སྲུང་སྐར་གྱི་འཁོར་ལམ་ཐོག་གི་ཚོད་ལྟ་བདེ་བླག་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།