འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱང་སྐྱོད་སྐབས་དམར་དམག་གིས་སྤྱད་པའི་ཤོག་སྒོར།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 16:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱང་སྐྱོད་སྐབས་དམར་དམག་གིས་སྤྱད་པའི་ཤོག་སྒོར།
           མི་དམངས་དྲ་བའི་འཕྲིན། ང་ཚོས་ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་ཤོག་སྒོར་གྱི་འབྱུང་ཁུངས་དེ་ཆེས་སྔ་དུས་ནི་སུང་རྒྱལ་རབས་སྐབས་ལ་གཏུགས་ཆོག་པ་དང་། དེའི་རྗེས་ཀྱི་ཡོན་རྒྱལ་རབས། མིང་རྒྱལ་རས། ཆིང་རྒྱལ་རབས་བཅས་ཀྱི་སྐབས་སུ་ཡང་ཤོག་སྒོར་འགྲེམ་སྤེལ་བྱས་ཡོད་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་པའི་སྔ་གཞུག་ཏུ། དམིགས་བསལ་གྱི་ལོ་རྒྱུས་རྒྱུ་རྐྱེན་ཡོད་སྟབས། ཀྲུང་གོའི་རྒྱལ་ཁོངས་སུ་ཤོག་སྒོར་གྱི་རིགས་མི་འདྲ་བ་མང་པོ་ཞིག་བྱུང་བ་རེད། ཤོག་སྒོར་དར་བ་ནས་བཟུང་། ཤོག་སྒོར་དེ་ནི་རྒྱུ་ནོར་གྱི་དཔང་རྟགས་ཤིག་ཡིན་པ་མ་ཟད། ཤོག་སྒོར་དེ་བརྒྱུད་ནས་ཤོག་སྒོར་དེ་བཀོལ་སྤྱོད་བྱེད་དུས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ལོ་རྒྱུས། རིག་གནས། སྒྱུ་རྩལ། གཞན་ད་དུང་ཚན་རྩལ་སོགས་ཕྱོགས་མང་པོའི་ཤེས་བྱ་ཡོན་ཏན་རྟོགས་ཐུབ་པ་རེད།
         དམར་དམག་རྒྱང་སྐྱོད་ནི་སྐྱོ་ཞིང་བརྗིད་ཉམས་ལྡན་ལ་དཀའ་སྤྱད་ཀྱི་འཐབ་འཛིང་ལོ་རྒྱུས་ཞིག་ཡིན་ལ། དེས་མིའི་རིགས་ལ་གཟི་བརྗིད་ལྡན་པའི་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་ངག་ཅིག་བྲིས་ཡོད། བརྒྱུད་རིམ་དེའི་ཁྲོད། ཀྲུང་གོའི་བཟོ་ཞིང་དམར་དམག་གི་དཔལ་འབྱོར་ཐད་ཀྱི་དཀའ་ངལ་ནི་དམར་དམག་རྒྱང་སྐྱོད་ཀྱི་དཀའ་གནད་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ད་ལྟ་ཉར་ཚགས་བྱས་ཡོད་པའི་རྒྱང་སྐྱོད་དུས་སྐབས་ཀྱི་དངུལ་སྒོར་ཐོག་ནས་ང་ཚོས་སྔོན་ཆད་ཀྱི་དམར་དམག་དང་གསར་བརྗེ་རྟེན་གཞི་ཡི་དམག་དམངས་ཀྱི་འཚོ་བའི་གནས་ཚུལ་དེ་ཤེས་རྟོགས་བྱེད་ཐུབ་པ་རེད།
    ༄༅།།རྒྱང་སྐྱོད་སྐབས་དམར་དམག་གིས་སྤྱད་པའི་ཤོག་སྒོར།
    ༄༅།།རྒྱང་སྐྱོད་སྐབས་དམར་དམག་གིས་སྤྱད་པའི་ཤོག་སྒོར།
    ༄༅།།རྒྱང་སྐྱོད་སྐབས་དམར་དམག་གིས་སྤྱད་པའི་ཤོག་སྒོར།
    ༄༅།།རྒྱང་སྐྱོད་སྐབས་དམར་དམག་གིས་སྤྱད་པའི་ཤོག་སྒོར།
    ༄༅།།རྒྱང་སྐྱོད་སྐབས་དམར་དམག་གིས་སྤྱད་པའི་ཤོག་སྒོར།
    ༄༅།།རྒྱང་སྐྱོད་སྐབས་དམར་དམག་གིས་སྤྱད་པའི་ཤོག་སྒོར།
      

    ཕྱོགས་བསྡུས་གསར་འགྱུར།