འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ལས་བྱེད་པ་གཅིག་གིས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པས་ཏང་གི་
    སྐྱིད་སྡུག་དང་གཞུང་གི་ལས་གནས་གཉིས་ཀ་ནས་ཕྱིར་འབུད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་10ཚེས་10ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ནས་ཤེས་རྟོགས་བྱུང་གསལ། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སློབ་གསོ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཀྲང་ཀྲེ་གོས་གཞན་གྱི་རྒྱུ་དངོས་སྒོར་ཁྲི་37.7བླངས་པའི་ཐད་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་གཉིས་ཀ་ནས་ཕྱིར་འབུད་བྱས་ཤིང་། དེའི་ཉེས་གསོག་གནད་དོན་གྱི་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱ་རྒྱུར་བསྐྱལ་བ་རེད།
            བརྟག་དཔྱད་བྱས་པ་བརྒྱུད་ཀྲང་ཀྲེ་གོས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་རང་གི་ཁེ་ཕན་དོན་གཉེར་བྱས་ནས་སྔ་རྗེས་སུ་གཞན་གྱི་རྒྱུ་དངོས་སྒོར་ཁྲི་37.7བླངས་ཏེ་ཟངས་རི་རྫོང་སློབ་གསོ་ཅུས་ཀྱི་ལས་གྲྭའི་རྣམ་གྲངས་གཞན་ལ་འགན་གཙང་སྤྲོད་པའི་ཐད་སྟབས་བདེ་བསྐྲུན་པ་དེ་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་ཚབས་ཆེན་འགལ་ཡོད་པ་རེད།
            རྩ་འཛུགས་ཀྱིས་ཁོ་པར་བརྟག་དཔྱད་བྱེད་རིང་ཀྲང་ཀྲེ་གོས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་གཞོགས་འདེགས་མི་བྱེད་པ་དང་སྒྲིག་འགལ་གནད་དོན་རང་འགུལ་ངང་ངོས་ལེན་མི་ཞུ་བར་དེ་ལས་ལྡོག་སྟེ་གཞན་དང་ཁ་མཐུན་ངན་འབྲེལ་གྱིས་བུ་ལོན་གཏོང་ལེན་གྱི་འབྲེལ་བར་ཁ་གཡར་ནས་ཕན་ཆེ་གེ་མོའི་ས་ནས་ལྐོག་ངན་བླངས་པའི་དོན་དངོས་འགེབས་སྲུང་རྫུན་བཟོ་བྱེད་རྩིས་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་སྒྲིག་ཨུད་ཀྱིས་སྒྲིག་ཁྲིམས་བཞིན་ཀྲང་ཀྲེ་གོ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་གཉིས་ཀ་ནས་ཕྱིར་འབུད་བྱས་པ་དང་ཆབས་ཅིག་དེའི་ཉེས་གསོག་གནད་དོན་གྱི་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱ་རྒྱུར་བསྐྱལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།