འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བརྟག་དཔྱད་གསར་ཤོས་ལས་ཇོ་མོ་གླང་མའི་བྱང་ངོས་ཀྱི་བརྟག་དཔྱད་ཁུལ་ནང་མ་མཐར་
    ཡང་གསའ་8ཡོད་པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2015ལོའི་ཇོ་མོ་གླང་མའི་གསའི་རིགས་ཁྱུར་བརྟག་དཔྱད་བྱས་འབྲས་ནང་། ཇོ་མོ་གླང་མའི་བྱང་ངོས་ཀྱི་བརྟག་དཔྱད་ཁུལ་ནང་མ་མཐར་ཡང་གསའ་8ཡོད་པ་མ་ཟད། གསའ་ཞེས་པའི་སྲོག་ཆགས་དེ་རིགས་ལ་དུས་བཀག་ནང་རྔོན་རྒྱག་མངའ་ཁོངས་སྐོར་སྲུང་བྱེད་པའི་གོམས་གཤིས་ཡོད་སྲིད་པ་མངོན་ཡོད།
              ན་ནིང་ཟླ་10པ་ནས་11པའི་བར། ཇོ་མོ་གླང་མའི་གསའ་སྲུང་སྐྱོབ་ལྟེ་གནས་ཀྱིས་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་དང་པེ་ཅིང་ནགས་ལས་སློབ་ཆེན་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཞིབ་འཇུག་ཁང་སོགས་སྡེ་ཚན་དང་མཉམ་འབྲེལ་གྱིས་ཇོ་མོ་གླང་མའི་བྱང་རྒྱུད་བོད་ལྗོངས་དིང་རི་རྫོང་དང་སྐྱིད་གྲོང་རྫོང་གི་མངའ་ཁོངས་ནང་གསའི་རིགས་ཁྱུར་བརྟག་དཔྱད་བྱས་པ་རེད། མིག་སྔར། ཐོག་མའི་གྲངས་གཞི་ལེགས་སྒྲིག་ལས་དོན་མཇུག་འགྲིལ་ཞིང་། ཚན་ཞིབ་མི་སྣས་བརྟག་དཔྱད་ཁུལ་ནང་མ་མཐར་ཡང་གསའ་དར་མ་6དང་གསའ་ཕྲུག་2ཡོད་པའི་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།