འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་ནི་ང་ཚོས་ཐའེ་ཝན་གྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་བྱ་འགུལ་
    ནང་ཞུགས་པའི་གནད་དོན་ཐག་གཅོད་བྱེད་པར་སྔ་ནས་ད་བར་དུ་འཛིན་པའི་
    ལངས་ཕྱོགས་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་11ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེན་ཧྲོང་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། "ཐའེ་ཝན་རང་བཙན"ལ་ངོ་རྒོལ་བྱེད་པ། “ཀྲུང་གོ་གཉིས"དང"ཀྲུང་གཅིག་ཐའེ་གཅིག"ལ་ངོ་རྒོལ་བྱེད་པ་ནི་ང་ཚོས་ཐའེ་ཝན་གྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་བྱ་འགུལ་ནང་ཞུགས་པའི་གནད་དོན་ཐག་གཅོད་བྱེད་པར་སྔ་ནས་ད་བར་དུ་འཛིན་པའི་ལངས་ཕྱོགས་ཡིན་ཞེས་བསྟན་པ་རེད།
         ཉིན་དེའི་འཆར་ཅན་གསར་འགོད་པའི་ཚོགས་འདུ་ཐོག གསར་འགོད་པ་ཞིག་གིས་དྲིས་དོན། ཐའེ་ཝན་གྱི་ད་ལྟའི་འགོ་ཁྲིད་པའི་བཅུ་པའི་ཚེས་བཅུའི་གཏམ་བཤད་ཁྲོད་ཐའེ་ཝན་གྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་རྩ་འཛུགས་ནང་ཞུགས་པའི་གནད་དོན་སྐོར་གླེང་འདུག འདི་ལ་ལྟ་ཚུལ་ག་འདྲ་འདུག་གམ།
         ཀེན་ཧྲོང་གིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་མ་གཏོགས་ཡོད་པ་མ་རེད། ཀྲུང་གོའི་སྐམ་ས་དང་ཐའེ་ཝན་གཉིས་ཀྲུང་གོ་གཅིག་ལ་གཏོགས། ཀྲུང་གོའི་བདག་དབང་དང་མངའ་ཁོངས་གཅིག་གྱུར་ཁ་བྲལ་དུ་གཏོང་མི་རུང་། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་ཟིན་ཡིན་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།