འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་
    དངོས་སུ་བསྐོ་བཞག་གནང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་
དངོས་སུ་བསྐོ་བཞག་གནང་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་11ཉིན། སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཐང་མུའུ་སེན་གྱིས་ཁོངས་གཏོགས་རྒྱལ་ཁབ་ཚོར་འཕྲིན་ཡིག་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཟླ་10ཚེས་13ཉིན་ཚོགས་འདུ་འཚོག་རྒྱུ་ཡིན་པ་དང་། ཚོགས་འདུ་ཐོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཚམས་སྦྱོར་གནང་བའི་འདེམས་བསྐོ་འོས་མི་ཨན་ཏུང་ཉི་ཨའོ་ཀུའུ་ཐེ་ལེ་སི་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོར་དངོས་སུ་བསྐོ་བཞག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
         ཐང་མུའུ་སེན་གྱིས་འཕྲིན་ཡིག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་13ཉིན་གྱི་ཆུ་ཚོད་10ཐོག་ཡོངས་བསྒྲགས་ཀྱི་ཚོགས་འདུ་ཐེངས་ཤིག་འཚོག་རྒྱུ་ཡིན་པ་དང་། ཚོགས་འདུ་ཐོག་ཚང་མས་ཐལ་མོ་བརྡབ་པའི་ངང་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་བསྐོ་བཞག་གི་གྲོས་ཆོད་ལ་གྲོས་འཆམ་ཡོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།
         ཐང་མུའུ་སེན་གྱི་འཕྲིན་ཡིག་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་དུང་ཟླ་10ཚེས་19ཉིན་གྱི་ཕྱི་དྲོར་དངོས་གཞི་མིན་པའི་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་པ་དང་། སྐབས་དེ་དུས་ཀུའུ་ཐེ་ལེ་སི་ཡང་ཚོགས་འདུ་ལ་ཞུགས་རྒྱུ་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་འཐུས་ཚབ་དང་ས་ཁུལ་རྩ་འཛུགས་ཀྱི་འཐུས་ཚབ་ཚོས་ཚོགས་འདུ་ཐོག་གཏམ་བཤད་ལྷུག་པོར་གནང་བར་དགའ་བསུ་ཞུ་ཞེས་ཀྱང་བརྗོད་ཡོད་པ་རེད།
         ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཕན་ཅི་ཝུན་གྱི་འགན་འཛིན་ཡུན་ཚད་ཟླ་12ཚེས་31ཉིན་མཇུག་རྫོགས་རྒྱུ་ཡིན་པ་རེད། དྲུང་ཆེ་གསར་པ་འདེམས་པའི་ལས་དོན་ན་ནིང་གི་ལོ་མཇུག་ནས་བཟུང་རིམ་བཞིན་སྤེལ་བ་དང་། འདི་ལོའི་ཟླ་7པ་ནས་བཟུང་། བདེ་འཇགས་ལས་འཛིན་ཨུ་ལྷན་གྱིས་སྔ་གཞུག་ཏུ་འདེམས་བསྐོ་འོས་མི་6ལ་དམིགས་བྱའི་རང་བཞིན་གྱི་འདེམས་ཤོག་འཕངས་པ་དང་། དེའི་ནང་ཀུའུ་ཐེ་ལེ་སི་ནི་རྩེ་གྲའི་གྲས་སུ་ཡོད་པ་རེད། ཟླ་10ཚེས་6ཉིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་15ཡིས་གཅིག་མཐུན་འཐད་པ་བྱུང་ནས་སྐབས་71པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དུ་ཀུའུ་ཐེ་ལེ་སི་ཡིས་ཕན་ཅི་ཝུན་གྱི་ཚབ་བྱས་ནས་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོར་བཞག་ཆོག་པར་མིང་ཐོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།