འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་གྱི་ཐིང་རིམ་པའི་ལས་བྱེད་པ་གཉིས་ལ་ལྐོག་རྔན་བླངས་པའི་ནག་ཉེས་
    ཡོད་སྟབས་འཛིན་བཟུང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 16:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དྲ་ཚིགས་སུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། སི་ཁྲོན་ཞིང་ཆེན་གྱི་ཐིང་རིམ་པའི་ལས་བྱེད་པ་གཉིས་ལ་ལྐོག་རྔན་བླངས་པའི་ནག་ཉེས་ཡོད་སྟབས་འཛིན་བཟུང་བྱས་པ་རེད། གནས་ཚུལ་བྱེ་བྲག་ཏུ་ནི་གཤམ་གསལ་ལྟར།
           ཉེ་སྔོན། སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སི་ཁྲོན་ཞིང་ཆེན་ཀྲུའོ་ཉིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཟུར་པ་སུང་ཀྲི་དབྱི་(孙志毅)ཡིས་ལྐོག་རྔན་བླངས་པའི་ནག་ཉེས་ལ་གཞིགས་ཏེ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུ་ཐག་གཅོད་བྱས་པ་དང་། གྱོད་གཞིར་བརྟག་དཔྱད་བྱེད་པའི་ལས་ཀ་མིག་སྔར་སྤེལ་བཞིན་ཡོད་པ་རེད།
           ཉེ་སྔོན། སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཁུལ་གཙོ་གཞོན་པ་ཟུར་པ་དབྱང་ཁྲང་ཆིང་(杨长清)གིས་ལྐོག་རྔན་བླངས་པའི་ནག་ཉེས་ལ་གཞིགས་ཏེ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུ་ཐག་གཅོད་བྱས་པ་དང་། གྱོད་གཞིར་བརྟག་དཔྱད་བྱེད་པའི་ལས་ཀ་མིག་སྔར་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།