འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་རུ“ཆ་སྒྲིག”བོད་སྐྱོར་སྨན་བཅོས་བྱས་པས་བོད་རིགས་ས་ཁུལ་གྱི་མང་ཚོགས་
    སྒོ་རྩར་ནད་གཞི་ལྟ་ཐུབ་པ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2015ལོའི་ལོ་མཇུག་ནས་བཟུང་། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མཐའ་མཚམས་རྒྱང་རིང་མི་རིགས་ས་ཁུལ་དུ་སྤྱོད་ཐུབ་པ་བྱ་ཆེད། ཀན་སུའུ་ཡིས་སྨན་བཅོས་རྐང་འཛིན་ཤེས་ལྡན་མི་སྣ་52ལས་གྲུབ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་་མངགས་ཏེ“ཆ་སྒྲིག”རོགས་སྐྱོར་བྱེད་སྟངས་ཐོག་ནས་ཀན་སུའུ་བོད་རིགས་ས་ཁུལ་གྱི་སྨན་ཁང་10ལ་ཁག་སོ་སོར་རོགས་སྐྱོར་བྱས་པས་ས་གནས་དེ་གའི་མང་ཚོགས་ལ་སྤུས་ལེགས་དང་སྟབས་བདེའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱུང་ཡོད།
              ཀན་སུའུ་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གི་ཡོན་ཀྲང་གཞོན་པ་དབྱང་ལན་གྱིས་ཀན་སུའུ་བོད་རིགས་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་མི་འདང་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣ་དཀོན་པ། ཤེས་ལྡན་མི་སྣའི་དཔུང་ཁག་འཐུས་ཚང་མེད་པ་བཅས་དང་ལྷག་དོན་དུ་བུ་བཙའི་ཚན་ཁག་དང་བྱིས་པའི་ཚན་ཁག་གི་སྨན་པ་ཧ་ཅང་དཀོན་པོ་འདུག དེར་བརྟེན། ཀན་སུའུ་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གིས་འདི་ལོའི་ལོ་སྟོད་དུ་ཀན་སུའུ་བོད་རིགས་ས་ཁུལ་དུ་སྨན་བཅོས་རྐང་འཛིན་ཤེས་ལྡན་མི་སྣ་10མངགས་ཏེ་བོད་རིགས་ས་ཁུལ་དུ་ཉིན་ལྟར་རིགས་གཅིག་མཁས་པའི་སྨན་བཅོས་ཞབས་ཞུ་ཡོད་པའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག སྐོར་སྐྱོད་སྨན་བཅོས་ལས་སྒོ་དང་དོ་དམ་ནུས་པའི་གསོ་སྦྱོང་སྤེལ་ནས་རིག་ཚན་དང་ཤེས་ལྡན་མི་སྣའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱས་པ་མ་ཟད་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཞལ་འདེབས་བརྒྱབ་ཡོད་ཅེས་ངོ་སྤྲོད་བྱས།
            ཀན་ལྷོ་ཀྲོའུ་མ་བུ་བདེ་སྲུང་སྨན་ཁང་གི་ཡོན་ཀྲང་ཝུའེ་ཁྲུན་ཕིང་གིས་བོད་སྐྱོར་རིགས་གཅིག་མཁས་པ་སླེབས་པ་དེས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད་ལས་སྒོ་མི་ཉུང་བ་ཞིག་ཞིང་ཆེན་དང་གྲོང་ཁྱེར་དང་དུས་གཅིག་ཏུ་སྤེལ་ཐུབ་པ་བྱུང་ཡོད། སྨན་ཁང་གི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་ནད་ཆེན་སྐྱོབ་བཅོས་ལྟེ་གནས་ཀྱང་བཙུགས་ནས་འཁོར་རྒྱུག་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།
            ཀན་སུའུ་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཝུའུ་ཏེ་ཀང་གིས“བོད་སྐྱོར་སྨན་བཅོས་ལས་དོན་རུ་ཁག་འདེམས་མངགས་བྱས་པ་ནི་བོད་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཆེས་ཐད་ཀར་དང་། ཕན་འབྲས་ཐོན་སླ་ཤོས། དམིགས་སའི་རང་བཞིན་ཆེ་ཤོས་བཅས་ཀྱི་རོགས་སྐྱོར་བྱེད་སྟངས་ཤིག་རེད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།