འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་ཤར་བགྲོད་ཡོང་བར“ཐབས་”བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། བྲེལ་འཚུབ་ཆེ་ཤོས་ཀྱི་ས་མཐོའི་སྟོན་དུས་སུ་ཨེ་ཤེ་ཡ་ལྷོ་མ་ཞེས་པའི་ཚིག་དེ་བོད་ལ་ཐོས་མང་ཤོས་སུ་གྱུར་ཡོད། གང་ལགས་ཤེ་ན། “ཨེ་ཤ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་ཤར་བགྲོད་ཡོང་བར”དམིགས་ནས་ཀྲུང་གོའི་བོད་ཀྱི་གཞུང་གི་ཚོགས་པའི་རྒྱལ་ཁབ་རིམ་པའི་ཇུས་འདོན་ཚོགས་པ་དང་། རྒྱལ་ཁབ་བཅོ་ལྔའི་སྲིད་དོན་མི་སྣ། རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་རིགས་གཅིག་མཁས་དབང་དང་མཁས་པ། ཁེ་ལས་ཀྱི་འཐུས་མི་སོགས་སྐུ་མགྲོན་1067མཉམ་དུ་འཛོམས་ནས་ཇུས་འདོན་འཆར་འགོད་ནང་ཞུགས་པས་ཡིན།
          བོད་ཀྱི་འགྲེམས་ཚོགས་སྐབས་གསུམ་པར་ཁེ་ལས་204བཀུག་པའི་ནང་མངའ་ཁོངས་ཕྱིའི་ཁེ་ལས་ཀྱི་ནེ་པ་ལའི་ཚོང་པ་109ཞུགས་པ་དང་རྒྱ་གར་ནས་ཁེ་ལས་གཅིག་ཡོང་བ་ཐོག་མ་ཡིན་པ་རེད། གཞུང་ཕྱོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། དུས་ཡུན་ཉིན་བདུན་གྱི་འགྲེམས་ཚོགས་ནང་འགྲེམས་རྫས་སྣེ་ཁ་1000ལྷག་ཙམ་དང་བྲིན་ཚོང་ལས་གཉེར་མི་དམངས་ཤོག་སྒོར་ཁྲི་5000ལྷག་ཙམ་ཟིན་ཡོད་པ་རེད།
           འདིར་གླེང་འོས་པ་ཞིག་ནི་འགྲེམས་ཚོགས་རིང་ནེ་པ་ལ་ཚུད་པའི་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་ཁག་གཅིག་གིས་སྐད་འཕྲིན་བརྒྱུད་ནས་དངུལ་གཏོང་སྤྲོད་བྱས་ཤིང་། “འཛམ་གླིང་གི་ཐོན་ཟོག་ཉོ་བར་སྐད་འཕྲིན་བརྒྱུད་ནས་དངུལ་སྤྲོད་པ”དག་འདི་ལོའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།
           འབྲེལ་གཏུག་ཐོཌ་མེད་དང་ཚོང་དོན་ཉོ་ཚོང་མཉམ་ལས་ཐུབ་ནས་བོད་ལྗོངས་འགྲེམས་ཚོཌ་འདི་དཔལ་འབྱོར་ཉོ་ཚོང་སྤེལ་རེས་གཅིག་སྡུད་ཀྱི་གར་སྟེགས་ཆེན་པོ་ཞིག་ཏུ་གྱུར་བ་མ་ཟད། བོད་འདི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཚོང་འགྲུལ་འགག་སྒོའི“ཁྲོམ་འབྲེལ་ཉོ་ཚོང”རྒྱུན་རྣམ་ཅན་དུ་གྱུར་བའི་མཚོན་ཚུལ་ཞིག་ཀྱང་ཡིན་པ་རེད།
           ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་མགྱོགས་མྱུར་སྐྲུན་པའི་སྐབས་ལྗོངས་ནང་གི་འགག་སྒོ་ཆེན་པོ་ལྔ་པོ་དེ་དག་དཔལ་འབྱོར་འཕེལ་རྒྱས་ལ་ཕྱོགས་སྒྱུར་ཡོང་བ་དང་། རྒྱལ་སྤྱིའི་ཉོ་ཚོང་འཕེལ་རྒྱས་གཏོང་བ། ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་མགྱོགས་མྱུར་འཛུགས་རྒྱུའི་ཚད་བརྒལ་ཡོང་གཞིར་འགྱུར་རྒྱུ་རེད། དེ་གོང“4·25”ཡི་ནེ་པ་ལའི་ས་ཡོམ་གྱི་ཤུགས་རྐྱེན་དབང་གིས་སྔར་ཀྲུང་གོ་དང་ནེ་པ་ལའི་སྐམ་སའི་ཚོང་འགྲུལ་གྱི་ཉོ་ཚོང་གཙོ་བོར་བྱེད་པའི་འགྲམ་འགག་སྒོར་གཏོར་སྐྱོན་ཆེན་པོ་བྱུང་ནས་གེགས་རྗེས་བསྐྱར་སྐྲུན་ལས་ཀ་སྤེལ་བཞིན་ཡོད། འདི་ལོ་ནས་སྐྱིད་གྲོང་འགག་སྒོར་ས་བབ་ཀྱི་ལེགས་ཆར་བརྟེན་ནས་སྒོ་མོ་རྒྱ་ཆེར་ཕྱེ་སྟེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་རྒྱུ་གཙོ་བོར་བྱེད་པའི་རྒྱལ་སྤྱིའི་འགག་སྒོ་ཞིག་ཏུ་རིམ་སྤོར་བྱ་རྒྱུ་ཡིན་པ་རེད།
            གཞན་ཡང་། རྒྱལ་སྤྱིའི་མཁའ་ལམ་གྱི་བགྲོད་ལམ་ཆེན་པོ་འཛུགས་རྒྱུར་བོད་ཀྱིས་གོམ་སྟབས་ཆེན་པོ་ཞིག་སྤོས་ཡོད།
           ཉེ་ཆར་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་དང་ནེ་པ་ལའི་ཁེ་ལས་དབར་《ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སི་འཛུགས་རྒྱུའི་མ་རྩ་མཉམ་ལས་ཀྱི་གྲོས་མཐུན་》ལ་མིང་རྟགས་བཀོད་པ་དེས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་དང་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་ཤར་བགྲོད་ཡོང་བའི་ལས་ཀར་བོད་ལ་གྲུབ་འབྲས་གསར་པ་ཞིག་སླར་ཡང་ཐོབ་པ་མཚོན་ཡོད། གོམ་སྟབས་རྗེས་མར་ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སིས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་མཁའ་འགྲུལ་ལམ་ཐིག་དྲ་མིག་ཧུར་ཐག་བཏོད་ནས་བོད་ནས་འགྲོ་འོང་བདེ་བླག་ལྡན་པའི་རྒྱལ་སྤྱིའི་བགྲོད་ལམ་ཞིག་གཏོད་རྒྱུ་རེད།
           གློག་ཤུགས་ཐད་གློག་ཤུགས་མཁའ་ལམ་ཞེས་འབོད་པའི་མཚོ་བོད་དང་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་བདེ་འཇགས་ལྡན་པའི་ངང་འཁོར་སྐྱོད་ནུས་ལྡན་བྱེད་བཞིན་ཡོད་པས་གོམ་སྟབས་རྗེས་མར་བོད་དབུས་དྲ་སྦྲེལ་དང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་གྱི་ལེ་ལག་ཚང་བའི་འདུ་འགོད་བསྐྲུན་རྒྱུ་རེད། གཞན་ཡང་རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་ནས“གློག་དཀོན་པོར་གྱུར་པ”ནི་ད་བར་ནེ་པ་ལའི་རྒྱལ་ཡོངས་ཀྱི་དཀའ་གནད་ཅིག་ཏུ་གྱུར་བར་བརྟེན་བོད་ཀྱི་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་སོང་བ་དང་ཆབས་ཅིག་ཀྲུང་གོ་དང་ནེ་པ་ལའི་གློག་ཤུགས་དྲ་སྦྲེལ་གྱི་འདུ་འགོད་མདུན་ཕྱོགས་སུ་སྤེལ་རྒྱུར་ཆ་རྐྱེན་བསྐྲུན་ཡོད། འདི་ལོའི་ལོ་འགོར་ཀྲུང་གོ་རྒྱལ་ཁབ་གློག་དྲ་ཀུང་སི་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ལས་འཛིན་པའི་ལྷན་ཚོགས་ཀྱི་ལས་འཛིན་ལིའུ་ཞའོ་མིང་གིས་སྨྱན་སྦྱོར་བརྒྱུད་ནས་2020ལོར་སླེབས་སྐབས་ཀྲུང་གོ་དང་ནེ་པ་ལའི་གློག་དྲ་དྲ་སྦྲེལ་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།