འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལ་ཐེ་ཝེ་ཡ་རྒྱལ་ཁབ་ཏུ“བོད་ལྗོངས་སུ་བརྙན་པར་ཉིན་7བླངས་པའི”པར་རིས་འགྲེམས་
    སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལ་ཐེ་ཝེ་ཡ་རྒྱལ་ཁབ་ཏུ“བོད་ལྗོངས་སུ་བརྙན་པར་ཉིན་7བླངས་པའི”པར་རིས་འགྲེམས་
སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་7ཉིན“བོད་ལྗོངས་སུ་བརྙན་པར་ཉིན་7བླངས་པའི”པར་རིས་འགྲེམས་སྟོན་དེ་ལ་ཐེ་ཝེ་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་རི་ཀི་གྲོང་ཁྱེར་གྱི་ཏོ་མུའུ་ཐང་ཆེན་དུ་བྱས་ཤིང་། དུས་ཡུན་ཉིན་10རིང་གི་འགྲེམས་སྟོན་དེར་བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་འདྲིས་མཚོན་པའི་པར་རིས་30འགྲེམས་སྟོན་བྱ་རྒྱུ་རེད། ཐེངས་འདིའི་པར་རིས་འགྲེམས་སྟོན་ནི་ལ་ཐེ་ཝེ་ཡ་རྒྱལ་ཁབ་གསར་འགྱུར་ཁང་གི་གན་རྒྱ་བཞག་པའི་བརྙན་པར་ལེན་མཁན་ཡ་ཉི་སི་•ལའེ་ཙན་སི་ཡིས་གཙོ་གཉེར་གནང་བ་རེད། ད་ལོའི་ཟླ་6པར་ཡ་ཉི་སི་གདན་ཞུས་ལྟར་ཨེ་སོ་ནི་ཡ་དང་། ལ་ཐེ་ཝེ་ཡ། ལི་ཐུ་ཝན་བཅས་རྒྱལ་ཁབ་གསུམ་གྱི་གསར་འགོད་པའི་ཚོགས་པར་ཞུགས་ནས་བོད་ལྗོངས་ལ་འཚམས་འདྲི་གནང་བར་ཕེབས་པ་མ་ཟད། པར་ཆས་ལ་བརྟེན་ནས་ངོ་མཚར་ལྡན་པའི་སྐད་ཅིག་མ་མང་པོ་ཞིག་པར་ངོས་སུ་བཀོད་པ་རེད། འདི་ནི་ལ་ཐེ་ཝེ་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་རི་ཀི་གྲོང་རྙིང་གི་ལྟེ་བའི་ཏོ་མུའུ་ཐང་ཆེན་དུ་སྐྱེས་པ་ཞིག་གིས་“བོད་ལྗོངས་སུ་བརྙན་པར་ཉིན་7བླངས་པའི་”པར་རིས་འགྲེམས་སྟོན་ལ་ལྟ་བཞིན་ཡོད་པ། 
    ༄༅།།ལ་ཐེ་ཝེ་ཡ་རྒྱལ་ཁབ་ཏུ“བོད་ལྗོངས་སུ་བརྙན་པར་ཉིན་7བླངས་པའི”པར་རིས་འགྲེམས་
སྟོན་བྱས་པ།
    ༄༅།།ལ་ཐེ་ཝེ་ཡ་རྒྱལ་ཁབ་ཏུ“བོད་ལྗོངས་སུ་བརྙན་པར་ཉིན་7བླངས་པའི”པར་རིས་འགྲེམས་
སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།