འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།པ་ཀ་ཏ་གྲོང་ཁྱེར་དུ་རང་ལྕེབས་འབར་གས་འཇབ་རྒོལ་ཐེབས་ནས་མི་15གྲོངས་པ་དང་
    མི་59ལ་རྨས་སྐྱོན་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 16:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།པ་ཀ་ཏ་གྲོང་ཁྱེར་དུ་རང་ལྕེབས་འབར་གས་འཇབ་རྒོལ་ཐེབས་ནས་མི་15གྲོངས་པ་དང་
མི་59ལ་རྨས་སྐྱོན་བྱུང་བ།
         མི་དམངས་དྲ་བའི་འཕྲིན། དབྱི་རག་རྒྱལ་ཁབ་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ཟླ་9ཚེས་27ཉིན་རྒྱལ་ས་པ་ཀ་ཏ་གྲོང་ཁྱེར་དུ་རང་ལྕེབས་འབར་གས་འཇབ་རྒོལ་ཐེངས་གཉིས་བྱུང་བས། མིག་སྔའི་བར་དུ་ཉུང་མཐར་ཡང་མི་15གྲོངས་པ་དང་། མི་59ལ་རྨས་སྐྱོན་ཕོག་ཡོད་པ་རེད་ཅེས་བརྗོད།
         མིང་མི་བཤད་པའི་ཉེན་རྟོག་པ་ཞིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། དྲག་ཆས་པ་ཞིག་གིས་པ་ཀ་ཏ་གྲོང་ཁྱེར་གྱི་ཚོང་ལས་ཁུལ་ཞིག་ནས་ལུས་ཐོག་གི་འབར་གས་བཀད་དུ་བཅུག་པས། མི་7གྲོངས་པ་དང་མི་29ལ་རྨས་སྐྱོན་ཕོག ཉེ་འཁོར་གྱི་ཚོང་ཁང་ཁ་ཤས་ལ་ཡང་གཏོར་སྐྱོན་ཐེབས་པ་རེད། ཆུ་ཚོད་འགའི་རྗེས་སུ། དྲག་ཆས་པ་གཞན་པ་ཞིག་གིས་པ་ཀ་ཏ་གྲོང་ཁྱེར་ལྷོ་རྒྱུད་ཀྱི་ཁྲོམ་སྲང་ཞིག་ནས་ལུས་ཐོག་གི་འབར་གས་བཀད་དུ་བཅུག་པས། ཉུང་མཐའ་ཡང་མི་8གྲོངས་པ་དང་མི་30ལ་རྨས་སྐྱོན་ཕོག་པ་རེད།
         དབྱི་རག་སྲིད་གཞུང་གིས་པ་ཀ་ཏ་གྲོང་ཁྱེར་གྱི་ཁྲོམ་སྲང་ཁ་ཤས་བཀག་སྡོམ་བཟོས་པ་མ་ཟད། བདེ་འཇགས་ཞིབ་བཤེར་བྱེད་ཚད་ཇེ་དམ་དུ་བཏང་ནས་མུ་མཐུད་དུ་འབར་གས་འཇབ་རྒོལ་ཐེབས་པར་སྔོན་འགོག་བྱས་པ་རེད།
         དོན་རྐྱེན་བྱུང་རྗེས། ཐད་སྐྱོད་རྩ་འཛུགས"དབྱི་སི་ལན་རྒྱལ་ཁབ"ཀྱིས་གོང་བརྗོད་འཇབ་རྒོལ་དེ་གཉིས་སྤེལ་བ་ཡིན་ཞེས་བསྒྲགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།