འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་8པའི་ཟླ་མཇུག་ཏུ་ཆར་ཆུ་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་བསྟུན་ནས་མཚོ་སྔོན་
    པོའི་མཚོ་ངོས་ཀྱི་རྒྱ་ཁྱོན་ལོ་16རིང་གི་ཆེས་ཆེར་གྱུར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་མཚོ་སྔོན་པོའི་མཚོ་ངོས་ཀྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་4436.98ཟིན་ཡོད་ཅིང་ཆུ་ངོས་ཀྱི་མཐོ་ཚད་སྨི་3194.88རུ་སླེབས་ཡོད་པས་ན་ནིང་གི་ཆེས་མཐོའི་ཆུ་ངོས་མཐོ་ཚད་དང་བསྡུར་ན་ལི་སྨི་23ཡིས་མཐོ་བ་དང་ལོ་16རིང་གི་རྒྱ་ཁྱོན་ཆེས་ཆེ་བ་ཡིན་པ་རེད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ཀྱི་མཐོ་རིམ་བཟོ་བཀོད་པ་ལིའུ་པའོ་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ་8པའི་ཟླ་མཇུག་ནས་བཟུང་། མཚོ་སྔོན་པོའི་ཉེ་འཁོར་གྱི་ཆར་ཆུའི་འབབ་ཚད་མང་དུ་སོང་བ་དང་བསྟུན་ནས་མཚོ་ངོས་ཀྱི་རྒྱ་ཁྱོན་ཡང་མགྱོགས་མྱུར་གྱིས་འཕར་བ་དང་། ཆུ་ངོས་ཀྱི་མཐོ་ཚད་ཆ་སྙོམས་ཉིན་རེར་ལི་སྨི་1.6གིས་ཇེ་མཐོར་སོང་བས་མཚོ་འགྲམ་གྱི་རྩྭ་ས་དང་ཡུལ་སྐོར་སྒྲིག་ཆས་ཁ་ཤས་ཆུར་ནུབ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།