འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཧྥ་རན་སེས་ཀྲུང་གོར་སྒོ་དབྱེ་རྣམ་པའི་རང་འགུལ་འཁོར་གཏོང་དཔེ་སྟོན་
    ཁུལ་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  འཕྲུལ་མི་དང་། མིས་བཟོས་རིག་ནུས། ཚོར་བྱུང་ཡོ་བྱད། རླངས་འཁོར་མཉམ་འབྲེལ་དྲ་རྒྱ་སོགས་ཁྱབ་ཁོངས་མང་པོ་ཞིག་ཏུ་ཁྱབ་པའི་རང་འགུལ་འཁོར་གཏོང་ལག་རྩལ་བེད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། ཚེས་25ཉིན། ཤར་རླུང་ལེ་ནུའོ་རླངས་འཁོར་ཚད་ཡོད་ཀུང་སི་དང་། ལེ་ནུའོ་ཚོགས་པ། དེ་བཞིན་ཝུའུ་ཧན་ཚའེ་ཏེན་སྣོད་བཅུད་འཕེལ་རྒྱས་ཚོགས་པ་བཅས་ཀྱིས་མཉམ་ལས་བྱས་ཏེ་ཀྲུང་གོ་དང་ཧྥ་རན་སེའི་ཝུའུ་ཧན་སྣོད་བཅུད་དཔེ་སྟོན་གྲོང་དུ་སྒོ་དབྱེ་རྣམ་པའི་རང་འགུལ་འཁོར་གཏོང་དཔེ་སྟོན་ཁུལ་བསྐྲུན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
         སྐབས་གསུམ་པའི་ཀྲུང་གོ་དང་ཧྥ་རན་སེའི་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་གླེང་སྟེགས་(ཟླ་9ཚེས་25ནས་27ཉིན་བར་)ཐོག ཕྱོགས་ཁག་གིས་གོང་དུ་བཤད་པའི་མཉམ་ལས་རྣམ་གྲངས་དེའི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་རེད། འདི་ནི་རྒྱལ་ནང་གི་སྣོད་བཅུད་དཔེ་སྟོན་གྲོང་དུ་བཙུགས་པའི་རང་འགུལ་འཁོར་གཏོང་དཔེ་སྟོན་ཁུལ་ཐོག་མ་དེ་རེད་ལ་སྒོ་དབྱེ་རྣམ་པའི་རང་འགུལ་འཁོར་གཏོང་ཁྱབ་ཁོངས་ཐོག་མ་ཡང་རེད། ཁྱབ་ཁོངས་དེའི་ནང་ལྟ་སྐོར་བས་རང་འགུལ་འཁོར་གཏོང་ལག་རྩལ་ཉམས་ལེན་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།