འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་དབྱིན་ཇིས་མཉམ་ལས་ཐོག་དབྱིན་ཇིའི་གོང་མ་ཚང་གི་ཀྲུང་ལུགས་མཆོད་
    རྟེན་ཉམས་བཟོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  ཚེས་23ཉིན་དབྱིན་ཇིའི་གོང་མ་ཚང་གི་སྐྱེ་དངོས་ཚལ་ཆིའུ་ཡོན་ལྡུམ་རའི་ནང་གི་ཀྲུང་ལུགས་མཆོད་རྟེན་ཉམས་བཟོའི་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། ཉམས་བཟོའི་རྣམ་གྲངས་དེར་མ་དངུལ་གཏོང་མཁན་ཀྲུང་གོ་སན་པའོ་ཚོགས་པས་དབྱིན་ཇིའི་གོང་མ་ཚང་བདག་སྐྱོང་སྒྲིག་གཞི་དང་མཉམ་ལས་བྱས་ཏེ་ལོ་ངོ་254ཡི་ལོ་རྒྱུས་ལྡན་པའི་མཆོད་རྟེན་རྙིང་པ་འདི་སྔར་ཡོད་ཀྱི་རྣམ་པ་ལྟར་ཉམས་བཟོ་བྱ་རྒྱུ་རེད།
         ནན་ཅིང་གྲོང་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་ཞུས་ཉིང་གིས་འགོ་འཛུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་ནས་ཆིའུ་ཡོན་མཆོད་རྟེན་ཉམས་བཟོ་བྱས་ཏེ་དེ་སྔའི་ངོ་མཚར་སླར་གསོ་ཐུབ་པ་བྱ་རྒྱུ་ཡིན། དེ་ལྟར་བྱས་ན་དབྱིན་ཇིའི་སྤྱི་དམངས་ཀྱིས་ཀྲུང་གོའི་རིག་གནས་གང་ལེགས་ཚོར་ཐུབ་པ་དང་ཆབས་ཅིག་ཀྲུང་གོ་དང་དབྱིན་ཇིའི་མི་དམངས་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།