འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་བཀོད་སྒྲིག

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་བཀོད་སྒྲིག
         མི་དམངས་དྲ་བའི་འཕྲིན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་ཁག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་ཁག ཐད་གཏོགས་ལས་ཁུངས་ཁག་ལ།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། 2016ལོའི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་གུང་གསེང་ངལ་གསོ་ལེགས་སྒྲིག་གི་ཚེས་གྲངས་བཀོད་སྒྲིག་བརྡ་ཐོ་གཤམ་གསལ་དུ། རྒྱལ་སྟོན་དུས་ཆེན་ལ་ཟླ་10ཚེས་1ཉིན་ནས་ཚེས་7ཉིན་བར་གུང་གསེང་ངལ་གསོ་ལེགས་སྒྲིག་བྱས་པ་དང་། ཁྱོན་ཉིན་7ཡིན། ཟླ་10ཚེས་8ཉིན་(གཟའ་སྤེན་པ)དང་ཟླ་10ཚེས་9ཉིན་(གཟའ་ཉི་མ)གཉིས་ལ་དུས་ལྟར་ལས་ཚོགས་སུ་ཞུགས་དགོས།
         དུས་ཆེན་གྱི་གུང་གསེང་སྐབས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་རེས་དང་བདེ་འཇགས། སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་འོས་འཚམ་བྱ་དགོས། གལ་སྲིད་ཐོལ་བྱུང་དོན་རྐྱེན་གལ་ཆེན་ལ་ཐུག་ཚེ། གཏན་འབེབས་ལྟར་དུས་ཐོག་སྙན་ཞུ་བྱ་དགོས་པ་མ་ཟད་ཐག་གཅོད་འོས་ཤིང་འཚམ་པ་ཞིག་བྱས་ནས་མི་དམངས་མང་ཚོགས་ཞི་མཐུན་དང་བདེ་འཇགས་ངང་དུས་ཆེན་གྱི་གུང་གསེང་གཏོང་ཐུབ་པར་ཁག་ཐེག་ནན་ཏན་བྱ་དགོས།
                                                                                               རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་ནས།
      

    ཕྱོགས་བསྡུས་གསར་འགྱུར།