འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཞ་ཧྲི་ཙུའེ་ཧྲན་གྲོང་ཁྱེར་གྱི་རྡོ་སོལ་གཏེར་ཁའི་སོལ་རླངས་འབར་གས་བྱུང་བའི་ཆག་སྒོ་
    ལས་མི་18རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཉིང་ཞ་ཧྲི་ཙུའེ་ཧྲན་གྲོང་ཁྱེར་གྱི་རྡོ་སོལ་གཏེར་ཁའི་སོལ་རླངས་འབར་གས་བྱུང་བའི་ཆག་སྒོ་
ལས་མི་18རྐྱེན་ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན་གྱི་ནངས་མོར། ཉིང་ཞ་ཧྲི་ཙུའེ་ཧྲན་གྲོང་ཁྱེར་གྱི་ཉིང་ཞ་ལིན་ལི་རྡོ་སོལ་ཚད་ཡོད་ཀུང་སིའི་རྡོ་སོལ་གྱི་གཏེར་ཁྲོན་གསུམ་པར་སོལ་རླངས་འབར་གས་ཀྱི་ཆག་སྒོ་བྱུང་བ་དང་། ཟླ་9ཚེས་27ཉིན་གྱི་ཆུ་ཚོད་22དང་སྐར་མ་30བར་དུ་བསྡོམས་པས་མི་18རྐྱེན་ལམ་དུ་ཤོར་ནས་མི་2གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། 
         རྒྱུས་ལོན་བྱུང་བ་ལྟར་ན། ཆག་སྒོ་དེ་ནི་ཚེས་27ཉིན་གྱི་ནངས་མོའི་ཆུ་ཚོད་7ཡས་མས་སུ་བྱུང་ཞིང་། ཆག་སྒོ་བྱུང་བའི་སྐབས་སུ་གཏེར་ཁྲོན་ནང་དུ་ཁྱོན་བསྡོམས་གཏེར་འདོན་བཟོ་པ་20ཡོད། དེ་ཚོའི་ཁྲོད་ཀྱི་མི་1གཏེར་ཁྲོན་ནས་ཕྱིར་བུད་རྗེས་ཤི་བ་དང་གཞན་མི་19གཏེར་ཁྲོམ་ནང་དུ་ལུས་ཤིང་མྱུར་སྐྱོབ་བྱས་པ་བརྒྱུད་བསྟུད་མར་གཏེར་འདོན་བཟོ་བ་17གྱི་བེམ་པོ་རྙེད་པ་རེད། 
         ཆག་སྒོ་བྱུང་རྗེས། ཉིང་ཞ་ཡིས་ཆུ་ཚོད་10དང་སྐར་མ་50སྟེང་དུ་རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཆག་སྒོའི་འཕྲལ་སྡོམ་རོགས་སྐྱོབ་སྔོན་བཀོད་ཇུས་གཞིའི་རིམ་པ་གཉིས་པའི་དང་ལེན་སྤེལ་བ་རེད། ཉིང་ཞ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཞན་ཧུའེ་དང་ཀྲུའུ་ཞི་གཞོན་པ་མ་ལི་གཉིས་ཡུལ་དངོས་སུ་ཕྱིན་ནས་མྱུར་སྐྱོབ་ལས་དོན་རྩ་འཛུགས་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ལྟ་སྐུལ་དང་རྡོ་སོལ་ལྟ་སྐུལ། སྤྱི་བདེ། མེ་འགོག་མེ་གསོད་བཅས་ཀྱི་སྡེ་ཁག་དང་ཧྲི་ཙུའེ་ཧྲན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་སོགས་ཚོགས་ཞུགས་གནང་ཡོད་པའི་ཛ་དྲག་ཚོགས་འདུ་འཚོགས་པ་རེད། 
         གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཆག་སྒོ་བྱུང་ཡུལ་ནི་ཉིང་ཞ་ལིན་ལི་རྡོ་སོལ་ཚད་ཡོད་ཀུང་སིའི་རྡོ་སོལ་གྱི་གཏེར་ཁྲོན་གསུམ་པ་ཡིན་ཞིང་། གཏེར་ཁ་སྔོག་འདོན་འཁྲོལ་འཛིན་ལས་མངོན་པར། གཏེར་ཁྲོན་གྱི་ལོ་རེའི་ཐོན་སྐྱེད་གཞི་རྒྱ་ནི་ཏུན་ཁྲི་45ཡིན་ལ་གཏེར་ཁ་སྔོག་འདོན་འཁྲོལ་འཛིན་གྱི་ནུས་ལྡན་དུས་ཡུན་ནི་2017ལོའི་ཟླ་9བའི་བར་ཡིན་པ་རེད། 
         མིག་སྔར། མྱུར་སྐྱོབ་ལས་དོན་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།