འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ནང་དོན་ཕྱིར་ཤོར་བའི་གྱོད་ཆེན་རྩད་ཆོད་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དུས་ཡུན་ལོ་ཕྱེད་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ཉེ་ཆར། ཧུའུ་པེ་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་གྱི་སྤྱི་བདེ་ཉེན་རྟོག་ཕྱོགས་ཀྱིས་སློབ་གསོ་དང་གསོ་སྦྱོང་གི་མིང་གཡར་ནས་དུས་ཡུན་རིང་བོར“རྒྱུགས་རོགས”བྱེད་པའི་བྱས་ཉེས་ཚོགས་པ་7རྩད་ཆོད་བྱུང་བ་དང་། དོགས་ཡོད་ཉེས་ཅན་ཝང་ཆེ་གེ་མོ་དང་ཧུའུ་ཆེ་གེ་མོ་སོགས་ཀྱི་མི་13འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། 2015ལོའི་ཟླ་11པར། 《ཉེས་ཁྲིམས་དག་བཅོས་འཆར་ཟིན་(དགུ་བ)》དངོས་སུ་ལག་བསྟར་བྱས་པ་དང་། ཐེངས་དང་པོར་ཡིག་རྒྱུགས་གཡོ་ལས་རྩ་འཛུགས་བྱེད་པ་དེ་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ཤིག་ཏུ་བརྩིས་པ་རེད། 
         དེའི་རྗེས་སུ་བླངས་པའི་2016ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ནང་། སྤྱི་བདེ་ཉེན་རྟོག་ཕྱོགས་ཀྱིས་སྒྲིག་ཁྲིམས་གསར་པར་གཞིགས་ནས་སྙིང་རུས་ལྷོད་མེད་དང་ཆེད་ལས་ནུས་ལྡན་གྱི་རྡུང་རྡེག་བྱ་ཐབས་ལ་བརྟེན་ནས་ཡིག་རྒྱུགས་གཡོ་ལས་རྩ་འཛུགས་བྱས་པའི་གྱོད་དོན་དང་པོ་འདི་རྩད་ཆོད་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།