འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་ཉིན་གཅིག་ལ་ས་ཡོམ་ཐེངས་གཉིས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་བྱས་པར་གཞིགས་ན། ཟླ་9ཚེས་20ཉིན་གྱི་ཆུ་ཚོད་12དང་སྐར་མ་26སྐབས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཁ་རུབ་ཆུས་(འཕྲེད་ཐིག་བྱང་མ་ཏུའུ་31.30དང་གཞུང་ཐིག་ཤར་མ་ཏུའུ་29.2ཡི་མཚམས་)ལ་ས་ཡོམ་རིམ་པ་3.6བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་8ཡོད་པ་རེད། 
         ཟླ་9ཚེས་20ཉིན་གྱི་ཆུ་ཚོད་5དང་སྐར་མ་11སྐབས་ཆབ་མདོ་གྲོང་ཁྱེར་གྱི་མཛོ་སྒང་རྫོང་(འཕྲེད་ཐིག་བྱང་མ་ཏུའུ་29.2དང་གཞུང་ཐིག་ཤར་མ་ཏུའུ་98.0ཡི་མཚམས་)ལ་ས་ཡོམ་རིམ་པ་4.0བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་6ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།