འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཆ་གཞན་ནས་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ་བསྒྲུབ་ཆོག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ས་ཆ་གཞན་ནས་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ་བསྒྲུབ་ཆོག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན་ནས་བཟུང་། ཐེམ་ཐོ་པེ་ཅིང་ནས་མ་ཡིན་པའི་པེ་ཅིང་དུ་སྡོད་པའི་ཞིང་ཆེན་26གི་མི་ཡིས་པེ་ཅིང་ནས་ཐོབ་ཐང་ལག་ཁྱེར་བརྗེ་ལེན་དང་གསབ་ལེན་བྱས་ཆོག་པ་རེད། རགས་རྩིས་བྱས་པར་གཞིགས་ན། དེ་སྔོན་ཧྲང་ཧའེ་དང་། ཁྲུང་ཆིང་། ཅང་སུའུ། མཚོ་སྔོན། ཀོང་ཞི་སོགས་ཞིང་ཆེན་20ནས་ཐོབ་ཐང་ལག་ཁྱེར་ཞིང་ཆེན་ལས་བརྒལ་ནས་ལས་སྒོ་བསྒྲུབ་ཆོག་པའི་ལས་ཀ་སྤེལ་ཡོད་པས། མིག་སྔར་ནི་ས་ཆ་གཞན་ནས་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ་བསྒྲུབ་ཆོག་པ་དེ་རིམ་བཞིན་རྒྱལ་ཡོངས་སུ་ཁྱབ་སྤེལ་གཏོང་བཞིན་ཡོད་པ་རེད།
         མིག་སྔར། རང་རྒྱལ་དུ་གཏན་ཁེལ་མེད་པའི་མི་གྲངས་དུང་ཕྱུར་2.25ཡོད་པ་མ་ཟད། གཏན་ཁེལ་མེད་པའི་མི་ཡི་གྲངས་ཀ་ཇེ་མང་དུ་འཕར་བཞིན་ཡོད་པ་རེད། 《2015ལོའི་ཀྲུང་གོའི་གཏན་ཁེལ་མེད་པའི་མི་གྲངས་འཕེལ་རྒྱས་ཀྱི་སྙན་ཞུ་》ལས་སྔོན་དཔོག་བྱས་ན། 2020ལོར་སླེབས་དུས། རང་རྒྱལ་གྱི་གཏན་ཁེལ་མེད་པའི་གནས་སྤོར་མི་གྲངས་དེ་དུང་ཕྱུར་2.91ལ་འཕར་རྒྱུ་ཡིན་པ་རེད། ལོ་བཞི་ཡི་རྗེས་སུ། རྒྱལ་ཡོངས་མི་གྲངས་ཀྱི་20%ནི་གཏན་ཁེལ་མེད་པའི་མི་གྲངས་ཀྱི་རྣམ་པར་འགྱུར་རྒྱུ་ཡིན་པས། གཞི་རྒྱ་ཆེ་བའི"སྐོར་སྐྱོད་དཔུང་ཆེན"འདི་ཡི་དགོས་མཁོ་ནི་སྣང་མེད་དུ་འཇོག་མི་རུང་བ་རེད།
         ས་ཆ་གཞན་ནས་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ་བསྒྲུབ་རྒྱུ་བདག་སྤྲོད་བྱེད་པ་ནི་ཐེམ་ཐོ་ལམ་ལུགས་བསྒྱུར་བཅོས་དང་འཁོར་གཏོང་ཡིག་རྒྱུགས་ཀྱི་ལམ་ལུགས་བསྒྱུར་བཅོས་གཉིས་བྱས་རྗེས། སྤྱི་བདེ་ལས་ཁུངས་ཀྱིས"དམངས་བདེ"དང"དམངས་ཕན"ལ་བསྒྲུབ་པའི་བསྒྱུར་བཅོས་བྱ་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་གོམ་སྟབས་བཟང་པོ་ཞིག་རེད།
         མཉམ་འཇོག་བྱ་དགོས་པ་ཞིག་ལ། ས་ཆ་གཞན་ནས་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ་བསྒྲུབ་རྒྱུ་བདག་སྤྲོད་བྱས་པ་ནི་ཐོབ་ཐང་ཆ་འཕྲིན་གྱི་དོ་དམ་ལྷོད་པོར་སོང་བ་མ་རེད། སྤྱི་བདེ་ལས་ཁུངས་ཀྱིས་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་དུ་ལྟ་ཞིབ་ཤུགས་སྣོན་བྱས་ཏེ་ཐོབ་ཐང་ལག་ཁྱེར་རྫུན་སྤྱོད་དང་རྐུ་སྤྱོད་ཀྱི་ཁྲིམས་འགལ་བྱ་སྤྱོད་འབྱུང་བ་གཏན་འགོག་བྱ་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།