འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུན་འཛིན་དང་སྲུང་སྐྱོང་གཙིགས་ཆེན་མཉམ་དུ་བྱེད་པའི་འབྲི་གུང་འཚེམ་དྲུབ་ཞལ་ཐང་། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་13ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རྒྱུན་འཛིན་དང་སྲུང་སྐྱོང་གཙིགས་ཆེན་མཉམ་དུ་བྱེད་པའི་འབྲི་གུང་འཚེམ་དྲུབ་ཞལ་ཐང་།
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་འབྲི་གུང་འཚེམ་དྲུབ་ཞལ་ཐང་ནི་འབྲི་རྒྱུན་མང་པོའི་ཁྲོད་དུ་ཁྱད་ཆོས་འབུར་ཐོན་ལྡན་པའི་འབྲི་རྒྱུན་ཞིག་ཡིན་ཞིང་། སྔ་ནས་ད་བར་ཁྱིམ་རྒྱུད་རྒྱུན་འཛིན་གྱི་སྒོ་ནས་ཁྱབ་རྒྱ་ཅུང་ཆུང་བར་མ་ཉམས་པར་དར་ཡོད། མིག་དམར་ཚེ་རིང་ནི་འབྲི་གུང་འཚེམ་དྲུབ་ཞལ་ཐང་གི་རྒྱུན་འཛིན་པ་རབས་6པ་ཡིན་ཞིང་། 2012ལོར་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་རོགས་རམ་འོག་འབྲི་གུང་འཚེམ་དྲུབ་ཞལ་ཐང་མཉམ་ལས་ཁང་བཙུགས་ནས་བཟོ་ཁང་ཡང་བསྐྲུན་པ་རེད། མིག་དམར་ཚེ་རིང་གིས་“ད་ལྟ་མཉམ་ལས་ཁང་གི་གཞི་རྒྱ་ཆེ་རུ་སོང་ཡོད་པས་སློབ་མ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། མིག་སྔའི་བར་སློབ་མཇུག་རྫོགས་པའི་སློབ་མ་དྲུག་བདུན་ཡོད། ད་ལྟ་སློབ་མ་འདི་ཚོས་ཀྱང་ལྷ་ས་གྲོང་ཁྱེར་དུ་རི་མོ་འབྲི་ཁང་བཙུགས་ནས་སློབ་མ་བསྡུས་ཡོད་ཅིང་། འབྲི་གུང་འཚེམ་དྲུབ་ཞལ་ཐང་བཞེངས་མཁན་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད་པས་ལྷ་རིས་འབྲི་རྒྱུན་འདི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཐུབ་ངེས་ཡིན་”ཞེས་བརྗོད་པ་རེད། 
         པར་རིས་འདི་ནི་འབྲི་གུང་འཚེམ་དྲུབ་ཞལ་ཐང་རྒྱུན་འཛིན་པ་མིག་དམར་ཚེ་རིང་གིས་སློབ་མ་དང་མཉམ་དུ་ཞལ་ཐང་བཞེངས་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།