འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དང་ཡུན་ནན་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་གྱི་གནོད་སྐྱོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ནས་བཟུང་། སི་ཁྲོན། ཡུན་ནན་ཞིང་ཆེན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་བབས་པའི་གནམ་གཤིས་བསྟན་པ་དང་། དེའི་ནང་ཚེས་18ཉིན་གྱི་ཆུ་ཚོད་8ནས་ཚེས་19ཉིན་གྱི་ཆུ་ཚོད་8བར། སི་ཁྲོན་གཤོངས་སའི་ལྷོ་རྒྱུད། ནུབ་རྒྱུད་དང་ཕན་ཀྲི་ཧྭ་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་བབས་པ་ནས་དྲག་ཆར་ཆེན་པོ་འབབ་པའི་གནས་གཤིས་བསྟན་པ་རེད། དྲག་ཆར་ཆེན་པོ་བབས་པ་དེས་ཕན་ཀྲུའུ་ཧྭ་གྲོང་ཁྱེར་གྱི་ས་ཁུལ་མང་པོར་རི་ཉིལ་བ་དང་ས་རྡུབ་པའི་གནས་ཚུལ་བྱུང་སྟབས། ཞི་ཁུན་མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་རིམ་པའི་གཞུང་ལམ་108ལམ་ཐིག ཞིང་ཆེན་རིམ་པའི་གཞུང་ལམ་214ལམ་ཐིག་སོགས་ཀྱི་ལམ་དུམ་ཁ་ཤས་སུ་ས་ཉིལ་ནས་གཞུང་ལམ་ཆད་པ་རེད།
         ཟླ་9ཚེས་20ཉིན་གྱི་ཆུ་ཚོད་9བར་བསྡོམས་རྩིས་བྱས་པ་ལྟར་ན། སི་ཁྲོན། ཡུན་ནན་ཞིང་ཆེན་གཉིས་ཀྱི་གྲོང་ཁྱེར་(རང་སྐྱོང་ཁུལ་)5དང་། རྫོང་(གྲོང་རྡལ། ཆུས།)11ཡི་མི་ཁྲི་1.8ལྷག་ལ་གནོད་སྐྱོན་ཐེབས་ཞིང་། མི་7རྐྱེན་ལམ་དུ་ཤོར་བ་དང་། མི་11གར་སོང་ཆ་མེད་དུ་གྱུར་བ། མི་300ལྷག་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།