འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་སྨན་པ་རྒན་པ་བཅུ་ཡིས་ལྷ་སའི་ཁྲོམ་ལམ་དུ་འོས་འགན་ནད་བརྟག་སྨན་བཅོས་གནང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་13ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རིགས་སྨན་པ་རྒན་པ་བཅུ་ཡིས་ལྷ་སའི་ཁྲོམ་ལམ་དུ་འོས་འགན་ནད་བརྟག་སྨན་བཅོས་གནང་།
         མི་དམངས་དྲ་བའི་འཕྲིན། འདི་ལོ་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་པས། རྒྱ་ཆེའི་དམངས་ཚོགས་ལ་དྲིན་ལན་འཇལ་ཆེད་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ཟླ་9ཚེས་8ཉིན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྟེ་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་བོད་རིགས་སྨན་པ་གྲགས་ཅན་ཀྱིས་འོས་འགན་ནད་བརྟག་སྨན་བཅོས་བྱེད་སྒོ་ཆེན་པོ་སྤེལ་བ་རེད། 
         བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་རྒྱུན་ལས་འགོ་འཛིན་གཞོན་པ་ཡེ་ཤེས་གཡང་འཛོམས་ཀྱིས་ཐེངས་འདིའི་འོས་འགན་ནད་བརྟག་སྨན་བཅོས་བྱེད་སྒོའི་ནང་སྨན་རྩིས་ཁང་འདིའི་རང་རྒྱལ་གྱི་གསོ་རིག་ལྷ་རྗེ་ཆེ་མོ་དགྲ་འདུལ་ལགས་ཚུད་པ་སོགས་མཁས་དབང་རྒན་པ་གྲགས་ཅན་བཅུ་ཞུགས་ཡོད་ཅིང་། ཁོང་ཚོས་སུན་མེད་ངང་རིང་ངང་ནད་པ་རེ་རེར་རྩ་བརྟག་པ་དང་། ནད་བརྟག་སྨན་བཅོས། བདེ་ཐང་ཡོང་བའི་མཛུབ་སྟོན། སྨན་རྫས་ཀྱི་ནད་འཁེལ་བཅོས་ཐབས་དང་སྤྱོད་ཐབས། དེ་བཞིན་ཡིད་འཇོག་བྱ་དགོས་དོན་སོགས་ཀྱི་རྒྱུན་ཤེས་འགྲེལ་བཤད་བཅས་གནང་བ་རེད་ཅེས་མཚམས་སྦྱོར་གནང་བ་རེད།
    ༄༅།།བོད་རིགས་སྨན་པ་རྒན་པ་བཅུ་ཡིས་ལྷ་སའི་ཁྲོམ་ལམ་དུ་འོས་འགན་ནད་བརྟག་སྨན་བཅོས་གནང་།
      

    ཕྱོགས་བསྡུས་གསར་འགྱུར།