འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཉེན་བརྡ་རྫུན་མས་སོ་ཏི་ཨ་རབ་ཀྱི་མཁའ་འགྲུལ་གནམ་གྲུ་ཞིག་ཧྥི་ལི་ཕིན་དུ་འབབ་ཏུ་བཅུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཉེན་བརྡ་རྫུན་མས་སོ་ཏི་ཨ་རབ་ཀྱི་མཁའ་འགྲུལ་གནམ་གྲུ་ཞིག་ཧྥི་ལི་ཕིན་དུ་འབབ་ཏུ་བཅུག་པ།
         མི་དམངས་དྲ་བའི་འཕྲིན། ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་མ་ནི་ལ་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དོ་དམ་ཅུས་ཀྱིས་ཟླ་9ཚེས་20ཉིན་བཤད་དོན། ཉིན་དེའི་ཕྱི་དྲོར། ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་བདེ་འཇགས་མི་སྣས་མ་ནི་ལ་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ་བབས་མ་ཐག་པའི་སོ་ཏི་ཨ་རབ་ཀྱི་མཁའ་འགྲུལ་གནམ་གྲུ་SV872མཐའ་ནས་སྐོར་བ་རེད། གནས་ཚུལ་འབྱུང་རྐྱེན་དངོས་ནི་ཉེན་བརྡ་རྫུན་མ་བཏང་བས་རེད། དོ་དམ་ཅུས་ཀྱི་ཅུས་ཀྲང་ཨེ་ཏི་·མོན་ལེ་ཡར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་དོན། དོན་རྐྱེན་ཧྲིལ་བོ་འདིའི་འབྱུང་རྐྱེན་ནི་གནམ་གྲུ་SV872ཡི་ཁ་ལོ་བས་གནམ་གྲུ་སར་མ་བབས་གོང་གི་སྐར་མ་ཁ་ཤས་སྔོན་དུ་སེམས་ཆུང་མ་བྱས་པར་འཕྲལ་མྱུར་རོགས་སྐྱོར་གྱི་མཐེབ་གཅུས་མནན་པ་ལས་བྱུང་བ་རེད། 
    ༄༅།།ཉེན་བརྡ་རྫུན་མས་སོ་ཏི་ཨ་རབ་ཀྱི་མཁའ་འགྲུལ་གནམ་གྲུ་ཞིག་ཧྥི་ལི་ཕིན་དུ་འབབ་ཏུ་བཅུག་པ།
    ༄༅།།ཉེན་བརྡ་རྫུན་མས་སོ་ཏི་ཨ་རབ་ཀྱི་མཁའ་འགྲུལ་གནམ་གྲུ་ཞིག་ཧྥི་ལི་ཕིན་དུ་འབབ་ཏུ་བཅུག་པ།
    ༄༅།།ཉེན་བརྡ་རྫུན་མས་སོ་ཏི་ཨ་རབ་ཀྱི་མཁའ་འགྲུལ་གནམ་གྲུ་ཞིག་ཧྥི་ལི་ཕིན་དུ་འབབ་ཏུ་བཅུག་པ།
      

    ཕྱོགས་བསྡུས་གསར་འགྱུར།