འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཁྱེར་ཁོངས་སུ་དྲག་ཆར་བབས་ནས་མི་6རྐྱེན་ལམ་དུ་ཤོར་བ་
    དང་མི་11གར་སོང་ཆ་མེད་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་20ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཁྱེར་ཁོངས་སུ་དྲག་ཆར་བབས་ནས་མི་6རྐྱེན་ལམ་དུ་ཤོར་བ་
དང་མི་11གར་སོང་ཆ་མེད་དུ་གྱུར་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན་ནས་ཚེས་19ཉིན་བར་དུ་སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཁྱེར་ཁོངས་སུ་དྲག་ཆར་ཧ་ཅང་ཆེན་པོ་བབས་ཤིང་། གྲོང་ཁྱེར་དེའི་རེན་ཧོ་ཆུས་ཏ་ཐེན་གྲོང་རྡལ་དང་། ཕིང་ཏི་གྲོང་རྡལ། ཝུའུ་པིན་ཤང་། ཏུང་ཆུས་ཀྱི་དབྱིན་ཅང་གྲོང་རྡལ་སོགས་སུ་གནོད་འཚེ་ཚབས་ཆེན་ཕོག་པ་རེད། སི་ཁྲོན་ཞིང་ཆེན་ཆུ་ལོག་ཐན་འགོག་བཀོད་འདོམས་པུའུ་ཡིས་བཤད་པ་ལྟར་ན། ཐེངས་འདིའི་དྲག་ཆར་ཆེན་པོ་བབས་པ་ལས་ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་རྫོང་(ཆུས་)4དང་། ཤང་དང་གྲོང་རྡལ་15ཡི་མི་12669ལ་གནོད་སྐྱོན་ཕོག་ཅིང་། མི་6རྐྱེན་ལམ་དུ་ཤོར་བ་དང་མི་11གར་སོང་ཆ་མེད་དུ་གྱུར་པ་རེད། 
         ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་དྲག་ཆར་བབས་པའི་རིང་ལ་ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་8ཀྱི་ཆར་ཆུ་བབས་ཚད་ཧའོ་སྨི་100ཡན་ཟིན་པ་དང་། གཙོ་བོ་ཏུང་ཆུས་དང་རེན་ཧོ་ཆུས་གཉིས་སུ་ཁྱབ་ཡོད། དེའི་ཁྲོད་རེན་ཧོ་ཆུས་ཧྲུའེ་ཐང་ཐེན་ཆུ་མཛོད་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཆར་ཆུ་བབས་ཚད་ཧའོ་སྨི་236.2ཟིན་པ་རེད། རྫོང་དང་ཆུས་མང་པོ་ཞིག་ཏུ་གཞི་ཁྱོན་ཆེ་བའི་རི་ཉིལ་བ་དང་། ས་ཉིལ་བ། འདམ་རྡོའི་ཆུ་རུད། ཆུ་ལོག་སོགས་ཀྱི་རང་བྱུང་གནོད་འཚེ་བྱུང་ཡོད་ལ། ས་གནས་ལ་ལར་མྱུར་བགྲོད་གཞུང་ལམ་ཆད་པ་དང་། ཕུག་ལམ་ཉིལ་བ། དམངས་སྡོད་ཁང་པ་ཆུས་གཤིག་པ་སོགས་ཀྱི་གནོད་འཚེ་བྱུང་བ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཁྱེར་ཁོངས་སུ་དྲག་ཆར་བབས་ནས་མི་6རྐྱེན་ལམ་དུ་ཤོར་བ་
དང་མི་11གར་སོང་ཆ་མེད་དུ་གྱུར་པ།
      

    ཕྱོགས་བསྡུས་གསར་འགྱུར།