འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོའི་ལས་
    གྲྭར་གྲུབ་འབྲས་བཟང་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་20ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོའི་ལས་གྲྭའི་ཞིབ་བཤེར་རྩིས་ལེན་ཚོགས་ཆེན་འཚོགས་ནས་གཙང་གསུམ་ཆུ་འགོའི་དུས་ཐེངས་དང་པོའི་ལས་གྲྭའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྟོན་པ་དང་ཞིབ་བཤེར་རྩིས་ལེན་བྱས་པ་རེད། 
         གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་ལས་གྲྭ་ནི་རྒྱལ་ཡོངས་ཀྱི་སྣོད་བཅུད་ལས་གྲྭ་གཙོ་བོ་ཞིག་ཡིན་པ་དང་། ཞིབ་བཤེར་རྩིས་ལེན་ནི་ལས་གྲྭ་འཛུགས་སྐྲུན་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་མཐའ་མ་དེ་ཡིན་ལ། ལས་གྲྭ་དོ་དམ་ཁྲོད་ཀྱི་འགག་རྩའི་ལྷུ་ཚིགས་དེ་ཡང་ཡིན། ཞིབ་བཤེར་རྩིས་ལེན་གྱི་སྤུས་ཚད་དང་ལས་གྲྭའི་ཕན་འབྲས་རྒྱུན་མཐུད་ངང་འདོན་ཐུབ་མིན་དང་འབྲེལ་བ་དམ་ཟབ་ཡོད། མིག་སྔའི་བར། དུས་ཐེངས་དང་པོའི་ལས་གྲྭའི་རིགས་ཆེ་གྲས་གསུམ་གྱི་རྣམ་གྲངས་22ཀྱི་ཡན་ལག་རྣམ་གྲངས་1041ཚང་མ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་གྱི་ཚད་ལོན་པ་དང་། དེ་དག་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་85.4བཏང་ཡོད། ལས་གྲྭའི་རྣམ་གྲངས་ཁག་འཐེན་བཤེར་བྱེད་ཚད་30%ཡན་ཟིན་པ་དང་། ཞིབ་བཤེར་རྩིས་ལེན་ཚད་ལོན་ཚད་100%ཟིན་ཡོད། དུས་མཚུངས། གཙང་གསུམ་ཆུ་འགོའི་དུས་ཐེངས་དང་པོའི་ལས་གྲྭའི་ཡིག་ཚགས་ཀྱང་རྒྱལ་ཁབ་ཡིག་ཚགས་ཅུས་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་རྒྱལ་ཁབ་རིམ་པའི་ཞིབ་བཤེར་རྩིས་ལེན་གྱི་ཚད་ལོན་ཡོད། ཡིག་ཚགས་ཀྱི་གྲངས་གཞི་ཅན་གྱི་ལས་སྣོན་ཡང་འདི་ལོའི་ཟླ་བདུན་པར་སྤྱིའི་ཞིབ་བཤེར་རྩིས་ལེན་གྱི་ཚད་ལོན་ནས་ཞིབ་བཤེར་རྩིས་ལེན་ལས་དོན་གྱི་ལས་འགན་དང་དམིགས་ཚད་ཚང་མ་དོན་འཁྱོལ་བྱུང་ཡོད་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་ཆུ་འགོ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པའི་ངོས་ནས། སྣོད་བཅུད་ཉམས་ཞན་དུ་སོང་བའི་རྐྱེན་གྱིས། 2005ལོར་ཀྲུང་གོ་སྲིད་གཞུང་གིས་《མཚོ་སྔོན་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་》ལག་བསྟར་བྱེད་འགོ་བཙུགས་ཡོད། ལས་གྲྭའི་འཛུགས་སྐྲུན་ལག་བསྟར་བྱས་པའི་ལོ་བཅུའི་རིང་། གཙང་གསུམ་ཆུ་འགོའི་ཁུལ་གྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་84དང་། འདམ་རའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་104 ནགས་ཚལ་དང་རྩྭ་ཐང་སྣོད་བཅུད་མ་ལག་གི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་28.4བཅས་མང་དུ་ཕྱིན་ནས། རྨ་ཆུའི་ཆུ་འགོར“མཚེའུ་སྟོང་གི་མཛེས་ལྗོངས”སླར་ཡང་མངོན་ཡོད། 2004ལོ་དང་བསྡུར་ན་གཙང་གསུམ་ཆུ་འགོས་ལོ་རེར་ཆ་སྙོམས་སྨད་རྒྱུད་ལ་སྤུས་ལེགས་ཆུ་གཏོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་58ཀྱིས་མང་དུ་བཏང་ཡོད། 2004ལོ་དང་བསྡུར་ན་རྩྭ་ཐང་དང་སྔོ་ཁེབས་ཁྱབ་ཚད་ཆ་སྙོམས་11.6%གིས་མང་དུ་ཕྱིན་པ་དང་། རྩྭ་ཐོན་ཚད་30%ཡིས་མང་དུ་ཕྱིན་ཡོད། ནགས་ཚལ་ཁྱབ་ཚད་2004ལོའི་3.2%ནས་4.8%བར་མང་དུ་ཕྱིན་པ་དང་། ས་ནག་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད་བཅོས་སྐྱོང་མ་བྱས་གོང་གི་20%ཙམ་ནས་80%ཡན་མང་དུ་ཕྱིན་ཡོད། གསའ་དང་། ཤྭ་བ་མཆུ་དཀར། རྐྱང་། འབྲོང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། གཙོད་ཀྱི་གྲངས་འབོར་དུས་རབས་20ཡི་ལོ་རབས་80སྐབས་ཀྱི་ཁྲི་2ཙམ་ནས་ཁྲི་7ལྷག་ཙམ་བར་མང་དུ་ཕྱིན་པ་དང་། རྩི་ཤིང་གི་སྣ་ཁ་དང་ཆུ་སྐྱེས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ཡང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། གནས་སྤོས་དབུལ་སྐྱོར་དང་། སྣོད་བཅུད་འབྲོག་ལས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ། སྣོད་བཅུད་ཁ་གསབ་ལམ་སྲོལ་འཛུགས་པ། སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། 2015ལོར་གཙང་གསུམ་ཆུ་འགོའི་ཁུལ་གྱི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་6565ཟིན་པ་དང་ལོ་རེར་ཆ་སྙོམས་འཕར་ཚད་12%ལས་བརྒལ་ཡོད། འབྲོག་ཕྱུག་འབྲོག་ཕན་སྲིད་ཇུས་བརྒྱུད། འབྲོག་པས་གནམ་ལ་ཁོ་ན་བརྟེན་པའི་ཕྱུགས་འཚོ་སྟངས་ལ་འགྱུར་ལྡོག་ཕྱིན་ནས། རགས་ལས་ཅན་གྱི་ཕྱུགས་འཚོ་སྟངས་ནས་སྣོད་བཅུད་ཕྱུགས་འཚོ་སྟངས་ལ་འགྱུར་ཏེ། དམངས་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 
         དུས་ཡུན་ལོ་བཞི་ཡི་ཞིབ་རྩིས་བྱས་པ་དང་འབྲེལ་ཕྱོགས་གསུམ་པའི་ཚོད་སྐོར་བྱས་པ་བརྒྱུད། གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་མ་རྩ་རིན་ཐང་སྒོར་དུང་ཕྱུར་ཁྲི་12.66ཟིན་པ་དེས་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་མ་རྩའི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་18.39ཡི་68.9%བཟུང་བ་དང་། གཙང་གསུམ་ཆུ་འགོའི་ཁུལ་གྱི་སྣོད་བཅུད་འཛུགས་སྐྲུན་ལས་བྱུང་བའི་ལོ་རེའི་ཆ་སྙོམས་སྣོད་བཅུད་ཕན་འབྲས་སྒོར་དུང་ཕྱུར་35ཟིན་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་སྣོད་བཅུད་ཕན་འབྲས་སྒོར་དུང་ཕྱུར་41གི་85.3%བཟུང་ནས་མ་རྩ་ལོག་ཚད་204.3%ཟིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།