འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ཐོན་རྫས“དྲ་ཐོག་ཚོང་དོན་གྱི་མྱུར་བགྲོད་ལམ་བུའི་ཐོག”བསྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་20ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལྷ་སར་འཚོགས་པའི་སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཐོག་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིས་གསར་སྤེལ་བྱས་པའི་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་སྤྱོད་འགོ་ཚུགས་ཡོད།
         ལས་སྟེགས་དེས“ཀུང་སི་དང་། མཉམ་ལས་ཁང་། ཞིང་འབྲོག་དུད་ཚང་བཅས་ཟུང་འབྲེལ”གྱི་རྣམ་པ་སྤྱད་ནས་བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་ལག་ཤེས་སྒྱུ་རྩལ་ཐོན་རྫས་རྒྱལ་ནང་ཙམ་མ་ཟད། རྒྱལ་སྤྱིའི་ཁྲོམ་རའི་ཐོག་ཕྱིར་ཚོང་བྱས་ཏེ། དྲ་སྦྲེལ་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུར་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ལས་སྟེགས་དེས་ཀྲུང་གོ་གློག་འཕྲིན་གྱི་ཁ་པར་སྤྱོད་མཁན་ཁྲི་1500ཡི“གྲོང་ཁྱེར་ལ་དགའ”ཞེས་པའི་འཚོ་བའི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས། ཁ་པར་སྤྱོད་མཁན་གྱིས་ལག་ཐོགས་ཁ་པར་གྱི་དུད་སྣེ་སྤྱད་དེ་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཉོ་སྒྲུབ་བྱ་རྒྱུར་སྟབས་བདེ་སྐྲུན་ཡོད། ཁག་དང་པོར་དྲ་ཐོག་ཚོང་དོན་ནང་བཅའ་ཞུགས་བྱེད་མཁན་ཚོང་ཁང་10ཟིན་ཡོད་པ་དང་། ཐོན་རྫས་གཙོ་བོ་བོད་ཀྱི་ཚགས་ཤ་དང་། ཁ་ཆེ་ཤ་སྐམ། ཀོ་ཤ། བོད་བཟོའི་རྒྱན་ཆ་སོགས་ཁྱད་ལྡན་ཐོན་རྫས་བཅུ་གྲངས་ཚུད་ཡོད།
         དེ་དང་དུས་མཚུངས་ལས་སྟེགས་དེས་ཧྥུ་ཅན་114རྒྱལ་ཕྱིའི་ཉོ་སྒྲུབ་ལས་སྟེགས་དང་མཉམ་ལས་བྱས་ཏེ། འཛད་སྤྱོད་པར་བྱུགས་རྫས་དང་ཕྲུ་གུ་དམར་འབྱར་གྱི་མཁོ་ཆས་སོགས་ནང་འདྲེན་ཚོང་ཟོག་རིགས་བརྒྱ་ལྷག་ཙམ་མཁོ་འདོན་བྱས་ནས་བོད་ཀྱི་འཛད་སྤྱོད་པའི་ཕྱི་རྒྱལ་གྱི་དངོས་ཟོག་ཉོ་སྒྲུབ་ཀྱི་དགོས་མཁོ་བསྐངས་ཡོད།
         ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཁྱད་ལྡན་ཐོན་རྫས“དྲ་ཐོག་ཚོང་དོན་གྱི་མྱུར་བགྲོད་ལམ་བུའི”ཐོག་སྐྱོད་བཞིན་ཡོད། 2015ལོར་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་6བཏང་སྟེ་དྲ་ཐོག་ཚོང་དོན་ལས་གྲྭ་གཉེར་འགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་དྲ་རྒྱའི་ཕྱིར་ཚོང་ཐབས་ལམ་ནུས་ལྡན་ངང་བཏོད་པས། དྲ་ཐོག་ཚོང་དོན་རྣམ་པ་དེ་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཉོ་ཚོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།