འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གནས་མཇལ་བས་མ་ཁའི་ཡུལ་དུ་གནས་མཇལ་བྱས་ཚར་ནས་ཕྱིར་ལོག་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་20ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གནས་མཇལ་བས་ཉིན་ཤས་གོང་ད་ལོའི་དབྱི་སི་ལམ་ཆོས་ལུགས་ཀྱི་གནས་མཆོག་དང་པོ་སོ་ཏི་ཨ་རབ་ཀྱི་མ་ཁའི་ཡུལ་དུ་གནས་མཇལ་ལེགས་གྲུབ་བྱུང་ནས་ཚེས་17ཉིན་སྔ་རྗེས་སུ་རྒྱལ་ནང་དུ་ལོག་འགོ་ཚུགས་པ་རེད།
         ཚེས་17ཉིན་གྱི་དགོང་མོ་ཤིན་ཅང་དང་ཡུན་ནན་གྱི་གནས་མཇལ་སྐུ་ཚབ་ཚོགས་པ་གཉིས་གཙང་གླས་གནམ་གྲུར་བསྡད་ནས་སོ་ཏིའི་ཅི་ཏ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་རྒྱལ་ནང་དུ་ཕྱིར་ལོག་བྱས་ཡོད། དེ་རྗེས་ཀྱི་ཉིན་16རིང་གཙང་གླས་གནམ་གྲུ་48ཀྱིས་རང་རྒྱལ་གྱི་གནས་མཇལ་བ་ཁྲི་1.45བླུགས་ནས་རྒྱལ་ནང་དུ་ཕྱིར་ལོག་བྱ་རྒྱུ་ཡིན་པ་རེད།
         ད་ལོའི་མ་ཁའི་ཡུལ་གྱི་གནས་མཇལ་ནི་ཚེས་10ཉིན་ནས་འགོ་ཚུགས་པ་དང་ཚེས་14ཉིན་མཇུག་འགྲིལ་ཞིང་། གོ་ལ་ཧྲིལ་པོའི་ས་གནས་ཁག་གི་མུའུ་སི་ལིན་ཁྲི་180ལྷག་དེའི་ནང་ཞུགས་ཡོད་པ་རེད།
         ན་ནིང་མ་ཁའི་ཡུལ་གྱི་གནས་མཇལ་བྱེད་རིང་མི་སྣ་ཤི་རྨས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་པར་བརྟེན། སོ་ཏིའི་གནས་མཇལ་དོ་དམ་ཅུས་ཀྱིས་ད་ལོ་སྔོན་ཆད་ལས་ནན་པའི་བདེ་སྲུང་བྱེད་ཐབས་སྤྱད་ཡོད། དེར་བརྟེན་ད་ལོའི་མ་ཁའི་ཡུལ་གྱི་གནས་མཇལ་བདེ་བླག་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།