འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྭ་ཝེས་ཧྥ་རན་སེའི་ཁེ་ལས་འབྲིང་ཆུང་གི་གསར་གཏོད་དང་འཕེལ་རྒྱས་ཆེད་རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཧྭ་ཝེ་ཀུང་སིས་གཉེར་བའི་སྐབས་གསུམ་པའི་ཧྥ་རན་སེའི་ཁེ་ལས་འབྲིང་ཆུང་གི་གསར་གཏོད་འགྲན་བསྡུར་ཆེན་པོའི་པོའར་ཏུའོ་འགྲན་བསྡུར་དེ་ཚེས་5ཉིན་མཇུག་གྲིལ་ཡོད། ཧྥ་རན་སེའི་ཙུང་ལི་ཟུར་པ་པོའར་ཏུའོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཨ་ལན·ཀྲུའུ་ཕེ་བྱེད་སྒོའི་ནང་ཞུགས་པ་མ་ཟད་བྱ་དགའ་ཐོབ་མཁན་ཁེ་ལས་ལ་བྱ་དགའ་ཡང་སྤྲད་པ་རེད།
         ད་རེས་ཀྱི“སླད་ཕྱིན་གྱི་གྲངས་གཞིའི་འཚོ་བ”བརྗོད་དོན་གཙོ་བོར་བྱས་པའི་འགྲན་བསྡུར་དེའི་དམིགས་ཡུལ་ནི་རིག་ནུས་ཁྱིམ་ཆས་དང་། རིག་ནུས་འགྲིམ་འགྲུལ། རིག་ནུས་གྲོང་ཁྱེར་དོ་དམ་མམ་ཡང་ན་གློག་འཕྲིན་དྲ་རྒྱ་གཉེར་སྐྱོང་སོགས་ཁྱབ་ཁོངས་དང་འབྲེལ་བའི་ཐོན་རྫས་ཕུལ་བྱུང་དང་ཐག་གཅོད་ཇུས་གཞིར་རྒྱབ་སྐྱོར་བྱས་ཏེ་ཧྥ་རན་སེའི་ཚན་རྩལ་གསར་གཏོད་ཐོག་མའི་ཁེ་ལས་ཀྱི་གསར་གཏོད་དང་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་དང་དེས་རྒྱལ་སྤྱིའི་འགྲན་རྩོད་དང་མཉམ་ལས་ནང་ཞུགས་པའི་ནུས་པ་ཆེ་རུ་བཏང་སྟེ་ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་གྲངས་གཞིའི་ཐོན་ལས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྔར་བས་སྐུལ་སྤེལ་གཏོང་བ་བཅས་བྱ་རྒྱུ་དེ་ཡིན།
         ཨ་ལན·ཀྲུའུ་ཕེས་ཤིས་ཚིག་ནང་ཧྥ་རན་སེའི་ཚན་རྩལ་གསར་གཏོད་ལ་ཧྭ་ཝེས་རྒྱབ་སྐྱོར་བྱས་པ་མ་ཟད་ཁེ་ལས་འབྲིང་ཆུང་ལ་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་དང་ལྷག་པར་དུ་ཀྲུང་གོའི་ཁྲོམ་རས་གོ་སྐབས་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཧྥ་རན་སེའི་ཚན་རྩལ་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་རླབས་རྒྱུན་ལ་བརྟེན་ནས་རྒྱལ་སྤྱིའི་གར་སྟེགས་སུ་ཧྥ་རན་སེའི་གྲངས་གཞིའི་སྣོད་བཅུད་མ་ལག་གི་གསོན་ཤུགས་དང་ལེགས་ཆ་མངོན་པར་བྱ་རྒྱུའི་སྐུལ་ལྕག་བྱས་པ་རེད།
         ཧྭ་ཝེ་ཀུང་སི་ནི་2003ལོར་ཧྥ་རན་སེའི་ཁྲོམ་རར་ཞུགས་པ་དང་། མིག་སྔར་ཧྥ་རན་སེར་སྐད་གྲགས་ཆེ་ཤོས་ཀྱི་ཀྲུང་གོའི་སྤུས་རྟགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། 2014ལོར་ཧྥ་རན་སེའི་ཁེ་ལས་འབྲིང་ཆུང་གི་གསར་གཏོད་འགྲན་བསྡུར་ཆེན་པོ་སྐབས་དང་པོ་བདེ་བླག་ངང་གཉེར་ཚུན་ཧྥ་རན་སེའི་ཁེ་ལས་འབྲིང་ཆུང་30ཙམ་ལ་འགྲན་བསྡུར་དེ་བརྒྱུད་ནས་ཧྭ་ཝེ་ཀུང་སིའི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།