འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་རླུང་དྲག་པོ“མ་ལེ་ཁའི”ཤུགས་ཚད་རིམ་གྱིས་ཆེ་རུ་ཕྱིན་པ། 

    རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་འཕྲལ་སྡོམ་བརྡ་ལན་རིམ་པ་གསུམ་པ་འགོ་བརྩམས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྔོན་རྩིས་བྱས་ན། མཚོ་རླུང་དྲག་པོ“མ་ལེ་ཁ”ཨང་16པ་ཆུ་ཚོད་རེར་སྤྱི་ལེ་20ཡི་མྱུར་ཚད་ཐོག་ནས་ནུབ་བྱང་ཕྱོགས་སུ་འཚུབ་ནས་ཐའེ་དབན་ཤར་རྒྱུད་ཀྱི་རྒྱ་མཚོའི་ངོས་སུ་འཚུབ་རྒྱུ་དང་། དེ་ནས་ཐའེ་དབན་གླིང་ཕྲན་གྱི་བྱང་ཤར་མཚོ་རྒྱུད་དུ་འཚུབ་རྗེས་བྱང་ཕྱོགས་སུ་འཚུབ་ཕྱོགས་འགྱུར་ནས་རང་རྒྱལ་གྱི་ཤར་རྒྱ་མཚོའི་མཚོ་ངོས་སུ་འཚུབ་རྒྱུ་ཡིན་ཞིང་། དེ་རྗེས་ཧྭ་ཏུང་གི་སྐམ་ས་དང་ཉེ་བའི་རྒྱ་མཚོའི་བྱང་ངོས་སུ་འཚུབ་རྒྱུ་རེད།
         ཟླ་9ཚེས་16ཉིན་གྱི་སྔ་དྲོ། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་བརྙན་ལམ་བརྒྱུད་ནས་ཐའེ་ཧུའུ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཕུའུ་ཅན་སོགས་ཞིང་ཆེན་(གྲོང་ཁྱེར་)འབྲུབ་འགོག་ཐན་འགོག་འདོམས་པུའུ་ལ་འབྲེལ་བ་བྱས་ཏེ“མ་ལེ་ཁའི”འགོག་སྲུང་ལས་དོན་ལ་བཀོད་སྒྲིག་བྱས་པ་དང་འབྲེལ། ཚེས་16ཉིན་གྱི་ཆུ་ཚོད་11ལ་འབྲུབ་འགོག་རླུང་འགོག་གི་འཕྲལ་སྡོམ་བརྡ་ལན་རིམ་པ་གསུམ་པ་འགོ་བརྩམས་པ་མ་ཟད། ལས་དོན་ཚོགས་ཆུང་5ཧྲང་ཧའེ་དང་ཅང་སུའུ། ཀྲེ་ཅང་། ཕུའུ་ཅན་སོགས་ཞིང་ཆེན་(གྲོང་ཁྱེར་)དུ་འབྲུབ་འགོག་རླུང་འགོག་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་པར་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         མཚོ་རླུང་དྲག་པོ“མ་ལེ་ཁའི”ཨང་16པའི་ཤུགས་ཚད་ཆེ་བའི་ཐོག་འཚུབ་ཕྱོགས་ཀྱི་ལམ་རྒྱུད་ལ་གཏན་འཁེལ་མེད་པའི་རང་བཞིན་ཆེན་པོ་ཡོད་ཅིང་། སྔོན་རྩིས་བྱས་ན། མཚོ་རླུང་དྲག་པོའི་ཤུགས་ཚད་རིམ་གྱིས་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་ཆེ་ཤོས་ལ་རིམ་པ་15ནས་16བར་འཚུབ་རྒྱུ་རེད། ཕུའུ་ཅན་དང་ཀྲེ་ཅང་སོགས་ཞིང་ཆེན་ལ་དེ་གོང་མཚོ་རླུང་དྲག་པོ“མོ་ལན་ཏི”ཨང་14པའི་གནོད་འཚེ་ཚབས་ཆེན་ཕོག་པའི་གནས་ཚུལ་འོག སླར་ཡང“མ་ལེ་ཁའི”ཤུགས་རྐྱེན་ཕོག་རྒྱུ་ཡིན་པས་གནོད་འཚེ་བསྐྱར་ཐོན་དང་གནོད་འཚེ་ཚབས་ཆེན་ཕོག་པའི་གནས་ཚུལ་ཐོན་བཟོ་ཆེན་པོ་ཡོད་པ་རེད།
         མཉམ་དུ་གྲོས་མོལ་བྱས་ནས་ནན་བཤད་བྱས་དོན། འབྲེལ་ཡོད་རླུང་འཚུབ་རྒྱག་ཁུལ་གྱི་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་འགོག་ཟོན་གྱི་བྱེད་ཐབས་ཁག་ལ་ཤུགས་སྣོན་རྒྱག་དགོས། མཚོ་རླུང་དྲག་པོ་ཨང་14པའི་ཤུགས་རྐྱེན་ཕོག་རིང་། ཉེན་གཡོལ་བྱེད་པར་འགྲོ་མཁན་ཉ་གྲུ་དང་། ཉ་པ། གཅིག་སྡུད་ཐོག་བཀོད་སྒྲིག་བྱས་པའི་ཉེན་ཁའི་ཁུལ་གྱི་མང་ཚོགས་བཅས་ཀྱིས་མིག་སྔའི་འགོག་སྲུང་ཉེན་གཡོལ་གྱི་བྱེད་ཐབས་ལ་ལྷོད་གཡེང་གཏོང་མི་རུང་ལ། ང་ཁྱེར་གྱི་ས་ཆ་ཁག་གཅིག་གི་ཆུ་འཁྱིལ་ཤས་ཆེ་བའི་ཆུ་བཤངས་གྲ་སྒྲིག་ལས་དོན་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་དགོས། ཐའེ་ཧུའུ་མཚེའུ་རྒྱུག་ཁུལ་ས་ཁུལ་གྱིས་ལྟེ་བའི་ལས་གྲྭའི་བཀོད་སྒྲིག་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། ཐའེ་ཧུའུ་མཚེའུ་རྒྱུག་ཁུལ་གྱི་འབྲུབ་འགོག་བདེ་འཇགས་འགན་ལེན་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།