འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སི་ཐན་གྱི་དབྱི་སི་ལན་གྱི་ཆོས་ཁང་ཞིག་ལ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་
    མི་གྲངས་36ལ་འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན། ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་མོ་ཧོ་མན་ཏེ་དམིགས་བསལ་ཁུལ་སྲིད་གཞུང་གིས་སྤེལ་བའི་ཆ་འཕྲིན་དུ་གསལ་བ་ལྟར་ན། ཚེས་16ཉིན་ས་ཁུལ་དེ་ཉིད་ཀྱི་དབྱི་སི་ལན་གྱི་ཆོས་ཁང་ཞིག་ལ་རང་ལྕེབ་ཅན་གྱི་འབར་མདེལ་འཇབ་རྒོལ་དོན་རྐྱེན་བྱུང་བའི་ཁྲོད་མི་36རྐྱེན་ལམ་དུ་ཤོར་བ་དང་། གཞན་ཉུང་མཐར་ཡང་མི་16ལ་རྨས་སྐྱོན་ཕོག་པ་རེད།
         ཉིན་དེར་མོ་ཧོ་མན་ཏེ་དམིགས་བསལ་ཁུལ་སྲིད་གཞུང་གིས་སྙན་ཞུ་ཞིག་གི་ནང་དུ་འདས་ཟིན་པའི་ཆུ་ཚོད་24རིང་ལ་རྨས་སྐྱོན་ཕོག་པའི་མི་13ལ་སྨན་ཁང་གིས་སྨན་བཅོས་མྱུར་སྐྱོབ་མ་ཕན་པར་ཚེ་ལས་འདས་པས། འཇབ་རྒོལ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་36ལ་འཕར་བ་རེད། གཞན་ཉུང་མཐར་ཡང་ད་དུང་མི་16སྨན་ཁང་དུ་སྲོག་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་གི་མི་མང་ཆེ་བར་སྲོག་ཉེན་ཆེན་པོ་ཡོད་ཅེས་བརྗོད་པ་རེད། 
         སྙན་ཞུའི་ནང་ད་དུང་རྐྱེན་ལམ་དུ་ཤོར་བའི་ཁྲོད་དུ་མི་35ནི་ལོ་30མན་ཆད་ཡིན་པ་དང་། དེའི་ནང་གི་མི་16ནི་ལོ་9ནས་17བར་གྱི་བྱིས་པ་དང་ན་གཞོན་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།