འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་འཐུས་མི་ཚོགས་པས་ཕུལ་བྱུང་གྲུབ་
    འབྲས་རྒྱུན་འཁྱོངས་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་15ཉིན་ཀྲུང་གོའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་བདམས་ཐོན་པར་མཆོང་རྒྱུག་འཕེན་གསུམ་དང་ཆུ་རྐྱལ་གྱི་རྣམ་གྲངས་ཁག་གཉིས་ཐད་སྔར་བཞིན་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ནས། ཁག་སོ་སོར་གསེར་གྱི་རྟགས་མ་བཞི་རེ་ཐོབ་སྟེ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་84དང་། དངུལ་གྱི་རྟགས་མ་66 ཟངས་ཀྱི་རྟགས་མ་41བཅས་རག་ནས་གཟེངས་བསྟོད་རྟགས་མ་བླངས་མཁན་ཨང་དང་པོར་གྱུར་ཡོད་པ་རེད། ཉིན་དེའི་ཕྱི་དྲོ། ལི་གཡོད་དུ་གཉེར་བའི་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་བསྟུན་མཁས་རང་བཞིན་གྱི་གོ་ལ་ཧྲིལ་པོའི་དབུ་ཚོགས་ཐོག ཀྲུང་གོའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འཐུས་མིའི་ཚོགས་པའི་ཚོགས་གཙོ་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧའེ་ཏི་ཡིས། ཉེ་བའི་ལོ་ཤས་ནང་ཀྲུང་གོའི་དབང་པོ་སྐྱོན་ཅན་བའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་། 2022ལོའི་དགུན་དུས་ཀྱི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཐད་རྒྱས་བཤད་ཟབ་མོ་བྱས་པ་རེད།
         མཆོང་རྒྱུག་འཕེན་གསུམ་གྱི་འགྲན་རའི་ཐོག་ཝང་ཅུན་ལ་བུད་མེད་ཀྱི་ཞ་གོང་གི་F35རིམ་པའི་འགྲན་བསྡུར་ཁྲོད་སྨི་13.91ཐོག་ནས་ཨང་དང་པོ་ཐོབ་པ་དང་སྦྲགས་འཛམ་གླིང་གི་ཟིན་ཐོ་གསར་པའང་བཏོད་པ་རེད། སྐྱེས་པའི་རྒྱང་མཆོང་གི་T38རིམ་པའི་མཐའ་བསྡུར་ཁྲོད་ཧུའུ་ཅན་ཝུན་ལ་སྨི་6.64ཡི་གྲུབ་འབྲས་ཐོག་ནས་གསེར་གྱི་རྟགས་མ་རག་པ་དང་། ཀྲུང་གོའི་བདམས་ཐོན་པ་ཀྲུང་ཧོང་ཧའོ་ལ་དངུལ་གྱི་རྟགས་མ་རག་ཅིང་། ཀྲུང་གོའི་མཐུད་རྒྱུག་གི་བུད་མེད་རུ་ཁག་ལ་T35-38རིམ་པའི་སྨི་4×100དང་T53-54རིམ་པའི་སྨི་4×400ཡི་འགྲན་བསྡུར་གཉིས་ཀྱི་ཨང་དང་པོ་ཐོབ་པ་རེད།
         ཆུ་རྐྱལ་རུ་ཁག་ལའང་ཉིན་དེར་གསེར་གྱི་རྟགས་མ་4རག་ཡོད་དེ། སྐབས་འདིའི་འཐུས་མི་ཚོགས་པའི་བདམས་ཐོན་པ་ཆུང་ཤོས་ལོ་14ལ་སོན་པའི་ཞུས་ཅ་ལིང་ལ་བུད་མེད་ཀྱི་སྨི་100ཡི་ཕྱེ་ལེབ་ཆུ་རྐྱལ་གྱི་S9རིམ་པའི་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་རག་པ་དང་། ཤེ་ཆིང་ལ་བུད་མེད་ཀྱི་སྨི་100ཡི་རང་མོས་ཆུ་རྐྱལ་གྱི་S11རིམ་པའི་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་ལ། ཙའུ་ལན་ཁང་ལ་སྐྱེས་པའི་སྨི་50ཡི་བཀན་རྐྱལ་གྱི་S2རིམ་པའི་འགྲན་བསྡུས་ཁྲོད་གསེར་གྱི་རྟགས་མ་རག་པ་དང་། ཧོང་ཝུན་ཕན་ལ་སྐྱེས་པའི་སྨི་200ཡི་རང་མོས་ཆུ་རྐྱལ་གྱི་S3རིམ་པའི་འགྲན་བསྡུར་ཁྲོད་ལི་གཡོད་ཀྱི་འགྲན་བསྡུར་ནང་གི་གསེར་གྱི་རྟགས་མ་བཞི་པ་དེ་རག་པ་རེད།
         གྲི་རྩལ་གྱི་འགྲན་རའི་ཐོག་རུང་ཅིང་དང་། ཙའུ་ཤུད་ཧྥུང་། ཀྲོའུ་ཅིང་ཅིང་བཅས་ལ་བུད་མེད་གྲི་རྩལ་གྱི་ཚོགས་པའི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་རག་ནས་ཨང་དང་པོ་བསྟུད་མར་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།