འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲེན་ཀྲེན་ཧོང་ཀང་འགག་སྒོས་ལྐོག་འདྲེན་བྱས་པའི་iPhone 7རྟགས་ཅན་གྱི་ལག་འཁྱེར་
    ཁ་པར་400རྩད་ཆོད་རྩིས་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཧྲེན་ཀྲེན་ཧོང་ཀང་འགག་སྒོས་ལྐོག་འདྲེན་བྱས་པའི་iPhone 7རྟགས་ཅན་གྱི་ལག་འཁྱེར་
ཁ་པར་400རྩད་ཆོད་རྩིས་ལེན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན། iPhone 7རྟགས་ཅན་གྱི་ལག་འཁྱེར་ཁ་པར་དངོས་སུ་འཚོང་འགོ་བརྩམས་པ་རེད། ཉིན་དེར་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཧོང་ཀང་འགག་སྒོས་ཧོང་ཀང་གྲུ་ཁ་དང་ཧྥུའུ་ཐེན་གྲུ་ཁ་གཉིས་སུ་ཁྱོན་བསྡོམས་iPhone 7རྟགས་ཅན་གྱི་ལག་ཁྱེར་ཁ་པར་ལྐོག་ཁྱེར་བྱས་པའི་གྱོད་དོན་60ལྷག་རྩད་ཆོད་བྱས་ནས་iPhone 7རྟགས་ཅན་དང་iPhone 7 plusརྟགས་ཅན་གྱི་ལག་ཁྱེར་ཁ་པར་ 400ལྷག་ཙམ་རྩིས་ལེན་བྱས་ཤིང་། ཐོག་མའི་ཚོད་དཔག་བྱས་པ་ལྟར་ན། གྱོད་འབྲེལ་དངུལ་འབབ་མི་དམངས་ཤོག་སྒོར་ཁྲི་300ལས་བརྒལ་བ་རེད།
         མཚམས་སྦྱོང་བྱས་པར་གཞིགས་ན། ཟླ་9ཚེས་16ཉིན་གྱི་ཉིང་གུང་ཆུ་ཚོད་13ཡས་མས་སུ་ཧོང་ཀང་འགག་སྒོས་ཧྥུའུ་ཐེན་གྲུ་ཁའི་རྒྱལ་ཁོངས་ནང་འཛུལ་བའི་ཚོམས་ཆེན་དུ་ཡུལ་སྐོར་བས་iPhone 7རྟགས་ཅན་གྱི་ལག་འཁྱེར་ཁ་པར་ཚད་བརྒལ་གྱིས་ཁྱེར་ནས་རྒྱལ་ཁོངས་ནང་འཛུལ་བའི་གྱོད་གཞི་ཐོག་མ་རྩད་ཆོད་བྱས་པ་དང་། ཡུལ་སྐོར་བ་ཞིག་གིས་སྒྲིག་འགལ་གྱིས་iPhone 7 plusརྟགས་ཅན་གྱི་ལག་འཁྱེར་ཁ་པར་གསར་རྐྱང་5ཁྱེར་ནས་རྒྱལ་ཁོངས་ནང་འཛུལ་བ་རྩད་ཆོད་བྱས་པ་རེད། དེའི་རྗེས་སུ་འགག་སྒོ་འདིའི་ཧོང་ཀང་གྲུ་ཁ་དང་ཧྥུའུ་ཐེན་གྲུ་ཁ་གཉིས་སུ་གྱོད་གཞི་དེའི་རིགས་རྩད་ཆོད་བྱས་གྲངས་རིམ་བཞིན་མང་དུ་ཕྱིན་པ་རེད།
         ཕྱི་དྲོའི་ཆུ་ཚོད་16ཡས་མས་སུ་ཧོང་ཀང་འགག་སྒོས་ཞང་ཀང་འགག་སྒོ་དང་མཉམ་འབྲེལ་བྱས་ཏེ་ཧྥུའུ་ཐེན་གྲུ་ཁ་རུ་"ཧྲེན་ཀང་མཉམ་འབྲེལ་བྱ་སྤྱོད་"ཞེས་པ་སྤེལ་ནས་མཉམ་དུ་ཧྥུའུ་ཐེན་གྲུ་ཁའི་རྒྱལ་ཁོངས་ནང་འཛུལ་སར་ལྐོག་འདྲེན་བྱེད་མཁན་གྱི་ལྐོག་འདྲེན་ཁྲིམས་འགལ་བྱ་ངན་ལ་རྡུང་རྡེག་གཏོང་བའི་བྱེད་སྒོ་སྤེལ་བ་རེད།
    ༄༅།།ཧྲེན་ཀྲེན་ཧོང་ཀང་འགག་སྒོས་ལྐོག་འདྲེན་བྱས་པའི་iPhone 7རྟགས་ཅན་གྱི་ལག་འཁྱེར་
ཁ་པར་400རྩད་ཆོད་རྩིས་ལེན་བྱས་པ།
    ༄༅།།ཧྲེན་ཀྲེན་ཧོང་ཀང་འགག་སྒོས་ལྐོག་འདྲེན་བྱས་པའི་iPhone 7རྟགས་ཅན་གྱི་ལག་འཁྱེར་
ཁ་པར་400རྩད་ཆོད་རྩིས་ལེན་བྱས་པ།
    ༄༅།།ཧྲེན་ཀྲེན་ཧོང་ཀང་འགག་སྒོས་ལྐོག་འདྲེན་བྱས་པའི་iPhone 7རྟགས་ཅན་གྱི་ལག་འཁྱེར་
ཁ་པར་400རྩད་ཆོད་རྩིས་ལེན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།