འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་
    ཚོགས་གཟབ་རྒྱས་ངང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་12ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་
ཚོགས་གཟབ་རྒྱས་ངང་འགོ་ཚུགས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན། རྒྱལ་སྤྱི་དང་རྒྱལ་ནང་གི་སྐུ་མགྲོན་ཆིག་སྟོང་ཙམ་ལྷ་སར་འདུ་འཛོམས་བྱས་པ་དང་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཐང་ཆེན་གྱི་བཞུགས་གྲལ་མགྲོན་པོས་ཁེངས་ཡོད། འགྱུར་ལྡོག་ཆེན་པོ་བརྒྱུད་པ་དང་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་མི་ཡུལ་གྱི་གནས་མཆོག་དང་མཁའ་དབྱིངས་ཀྱི་བོད་ལྗོངས་ཀྱིས་མཛའ་གྲོགས་ཟམ་པ་ཞིག་བསྐྲུན་ཡོད། མི་ཁྲི་སྟོང་མང་པོས་དོ་ཁུར་བྱེད་པའི་ཁྲོད་རིག་གནས་པུའུ་དང་། རྒྱལ་ཁབ་ཡུལ་སྐོར་ཅུས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་དེ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
           སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་ཐོག“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗོད་བྱ་གཙོ་བོ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་གོ་སྐབས་དམ་འཛིན་ལྷོད་མེད་བྱེད་པ་དང་། “ཡུལ་སྐོར་ཆེན་པོ་དང་། ཐོན་ལས་ཆེན་པོ། འཕེལ་རྒྱས་ཆེན་པོ”བཅས་ལ་དམིགས་པ། “ལེགས་གྲས་དང་། ཁྱད་ལྡན། རྩེར་སོན”བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། བོད་ཀྱི་ཡུལ་སྐོར་རིམ་སྤོར་པར་གཞི་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་ཀྱི་ཐོག་ནས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན། ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་དབྱེ་བའི་བགྲོད་ལམ་གལ་ཆེན་བཅས་འཛུགས་སྐྲུན་ཧུར་ཐག་བྱས་ཡོད།
          འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་《དྭངས་གཙང་གི་བོད་ལྗོངས་》ཞེས་པའི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན་ཐོག་ནས་འགོ་བརྩམས་པ་རེད། “མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཀྱི་བསམ་བློའི་བརྗོད་དོན་གཙོ་བོ་ཁྱབ་པ་དང་། “རྒྱུད་གཅིག་ལམ་གཅིག”གི་གཞི་རྒྱུ་གཅིག་སྡུད། བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མོ་དང་། ཤོན། བྲོ། ནང་མ། རྒྱ་གཞས་སོགས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བཅས་ཀྱི་ཐོག་ནས་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་དང་ཕུན་ཚོགས་ངོ་མཚར་ལྡན་པའི་མི་རིགས་ཀྱི་སྲོལ་རྒྱུན་རིག་རྩལ་བརྩམས་ཆོས་གསོན་ཉམས་དོད་པོས་མངོན་པ་མ་ཟད། མཐུན་སྒྲིལ་ཡར་ཐོན་དང་། ཞི་མཐུན་བདེ་སྐྱིད། སྒོ་དབྱེ་ཁོང་ཡངས་བཅས་ཀྱི་བོད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་ཡོད། སྒྱུ་རྩལ་གྱི་གཞི་རྒྱུ་གཅིག་ཏུ་འདུས་པའི་འགོ་ཚུགས་འཁྲབ་སྟོན་དེ་ས་ཁུལ་དང་གྲོང་ཁྱེར་བདུན་ནས་ཡོང་བའི་གཞི་རིམ་འཁྲབ་སྟོན་པ་ཚོའི་ངོ་མཚར་འཁྲབ་སྟོན་ཁྲོད་དེ་བས་བརྗིད་ཉམས་ལྡན་ལ་མི་རྣམས་ཀྱིས་བརྗེད་པར་དཀའ་བ་ཞིག་ཡོད།
    ༄༅།།སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་
ཚོགས་གཟབ་རྒྱས་ངང་འགོ་ཚུགས་པ།
    ༄༅།།སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་
ཚོགས་གཟབ་རྒྱས་ངང་འགོ་ཚུགས་པ།
    ༄༅།།སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་
ཚོགས་གཟབ་རྒྱས་ངང་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།