འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་བྱ་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ་རིག་དངོས་བདེ་འཇགས་ཡོང་བར་
    འགན་ལེན་ཏན་ཏིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་18ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ལྷོ་རོང་རྫོང་གི་དགོན་སྡེ་རུ་ཉམས་གསོ་ལས་དོན་སྤེལ་བཞིན་པ།
    ལྷོ་རོང་རྫོང་གི་དགོན་སྡེ་རུ་ཉམས་གསོ་ལས་དོན་སྤེལ་བཞིན་པ།
         མི་དམངས་དྲ་བའི་འཕྲིན། "ལོ་ལྔ་ཚན་བཅུ་གཉིས་པའི"རིང་རྒྱབ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་16བཀོད་སྒྲིག་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོང་དང་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་གནང་བ་དེ"ལོ་ལྔ་ཚན་བཅུ་གཅིག་པའི"སྐབས་དང་བསྡུར་ན་180%འཕར་སྣོན་བཏང་གནང་བ་རེད། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་དང་ཉམས་གསོའི་རྣམ་གྲངས་130ཟིན་ཡོད་པས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་མཚོ་བོད་མཐོ་སྒང་གི་ལོ་རྒྱུས་ལ་ཞིབ་འཇུག་དང་བོད་ཀྱི་རིག་གནས་སྲུང་སྐྱོང་བྱེད་པར་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཡོད་པ་རེད། "ལོ་ལྔ་ཚན་བཅུ་གསུམ་པའི"སྐབས་སུ་བོད་རང་སྐྱོང་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོང་ཐད་ལ་མ་དངུལ་གཏོང་ཚད"ལོ་ལྔ་ཚན་བཅུ་གཉིས་པའི"སྐབས་དང་བསྡུར་ན་80%ཡན་འཕར་སྣོན་གཏོང་རྒྱུ་རེད།
    བོད་ཀྱི་གསོ་རིག་དང་བོད་སྨན་སྐོར་གྱི་རྩ་ཆེའི་དཔེ་ཆ་ལེགས་སྒྲིག་བྱེད་བཞིན་པ།
    བོད་ཀྱི་གསོ་རིག་དང་བོད་སྨན་སྐོར་གྱི་རྩ་ཆེའི་དཔེ་ཆ་ལེགས་སྒྲིག་བྱེད་བཞིན་པ།
    གཙུག་ལག་ཁང་ཉམས་གསོ་མི་སྣ་ཚོས་ཨར་ཀ་རྒྱག་བཞིན་པ།
    གཙུག་ལག་ཁང་ཉམས་གསོ་མི་སྣ་ཚོས་ཨར་ཀ་རྒྱག་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།