འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྨན་བཅོས་ཁོངས་གཏོགས་ཀྱི་ལས་བྱེད་པ་ཞིག་སྒྲིག་ཁྲིམས་དང་ཚབས་ཆེན་
    འགལ་བའི་དོགས་གཞི་ཡོད་པས་རྩ་འཛུགས་ཀྱི་བརྟག་དཔྱད་དང་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་19ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྨན་ཁང་གི་འགོ་འཛིན་ལུའོ་དབྱི་ཀང་(ཁྲུའུ་རིམ་པ་རྒན་པ་)ལ་སྒྲིག་ཁྲིམས་དང་ཚབས་ཆེན་འགལ་བའི་དོགས་གཞི་ཡོད་པས། མིག་སྔར་རྩ་འཛུགས་ཀྱིས་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
         ཡོངས་བསྒྲགས་བྱས་པའི་དཔྱད་ཡིག་ལྟར་ན། ལུའོ་དབྱི་ཀང་(罗亦刚)ནི་1983ལོའི་ཟླ་12པར་ལས་ཀར་ཞུགས་པ་དང་། སྔ་གཞུག་ཏུ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཕྱི་ནད་ཚན་ཁག་ཁོའོ་དང་པོའི་ཀྲུའུ་རེན་གཞོན་པ་དང་ཀྲུའུ་རེན་དང་། བོད་རང་སྐྱོང་ལྗོངས་མྱུར་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་འགོ་འཛིན་བཅས་ཀྱི་འགན་འཁུར་མྱོང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།