འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཀོང་པོ་རྒྱ་མདའ་རྫོང་ང་ཕོད་གྲོང་ཚོས་དགའ་སྤྲོའི་ངང་འོང་སྐོར་དུས་ཆེན་རོལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་14ཉིན། 08:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་ཀོང་པོ་རྒྱ་མདའ་རྫོང་ང་ཕོད་གྲོང་ཚོས་དགའ་སྤྲོའི་ངང་འོང་སྐོར་དུས་ཆེན་རོལ་བ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་7པའི་ཚེས་7ཉིན་ནི་བོད་ལུགས་ཀྱི་ཟླ་5ཚེས་3ཉིན་ཡིན་ལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཟུར་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ང་ཕོད་ངག་དབང་འཇིགས་མེད་ཀྱི་ཕ་ཡུལ་ཏེ་བོད་རང་སྐྱོང་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ང་ཕོད་གྲོང་ཚོས་འོང་སྐོར་དུས་ཆེན་བསུས་པ་རེད། གྲོང་མི་40ལྷག་གིས་ནངས་སྔ་མོ་ནས་བོད་ཀྱི་གཟབ་ཆས་གྱོན་ནས་རྒྱབ་ཏུ་གླེགས་བམ་འཁུར་ཏེ་ཞིང་སར་བསྐོར་བ་དང་། ཁོང་ཚོས་ཞོར་དུ་རྔ་རྡུང་རོལ་དཀྲོལ་དང་གནའ་བོའི་ལོ་ལེགས་གླུ་གཞས་བླངས་ནས་གནམ་བདག་གིས་མི་རྣམས་ལ་ལོ་ཆུ་ལམ་ལྷོང་གནང་སྟེ་ལོ་ལེགས་བྱུང་བར་བཀའ་དྲིན་ཆེ་ཞུས་པ་རེད། ཞིང་སར་བསྐོར་བ་ཐེངས་འགའ་བརྒྱབ་རྗེས་འབྲུ་སྙེ་འབྲུ་མཛོད་དང་མཆོད་གཤོམ་སྟེང་དུ་བཙུགས་ནས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ལེགས་ཡོང་བར་སྨོན་ལམ་ཞུས་པ་རེད།
    ༄༅།།བོད་ལྗོངས་ཀྱི་ཀོང་པོ་རྒྱ་མདའ་རྫོང་ང་ཕོད་གྲོང་ཚོས་དགའ་སྤྲོའི་ངང་འོང་སྐོར་དུས་ཆེན་རོལ་བ།
    ༄༅།།བོད་ལྗོངས་ཀྱི་ཀོང་པོ་རྒྱ་མདའ་རྫོང་ང་ཕོད་གྲོང་ཚོས་དགའ་སྤྲོའི་ངང་འོང་སྐོར་དུས་ཆེན་རོལ་བ།
    ༄༅།།བོད་ལྗོངས་ཀྱི་ཀོང་པོ་རྒྱ་མདའ་རྫོང་ང་ཕོད་གྲོང་ཚོས་དགའ་སྤྲོའི་ངང་འོང་སྐོར་དུས་ཆེན་རོལ་བ།
      

    ཕྱོགས་བསྡུས་གསར་འགྱུར།