འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་གྲོང་མི་ཚོས་འོང་སྐོར་གཏོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་19ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་གྲོང་མི་ཚོས་འོང་སྐོར་གཏོང་བ།
         མི་དམངས་དྲ་བའི་འཕྲིན། འོང་སྐོར་ནི་བོད་རིགས་མང་ཚོགས་ཚོས་ལོ་ལེགས་ལ་རེ་སྨོན་བྱེད་པའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་པ་དང་། བོད་ལྗོངས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་ས་ཆར་དར་ཁྱབ་ཆེན་པོ་ཡོད། དེའི་དུས་ཚོད་ནི་སྤྱིར་བཏང་སྙེ་མ་སེར་པོ་ཆགས་པ་ནས་སྟོན་ཐོག་མ་བསྡུས་གོང་གི་ཉིན་གཉིས་གསུམ་གྱི་གོང་གཏོང་གི་ཡོད། ཟླ་7ཚེས་16ཉིན་གྱི་ཞོགས་པར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་གྲོང་མིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ཞིང་ཁའི་མུ་ཁར་བསྐོར་བ་དང་ཞིང་པ་མང་པོ་མཉམ་དུ་རུབ་ནས་རང་གྲོང་ཚོའི་ཞིང་ཁའི་མུ་ཁར་བསྐྱོད་དེ་གླུ་ལེན་གར་འཁྲབ་ཀྱིས་ཆར་ཆུ་དུས་སུ་བབས་ནས་ལོ་ལེགས་ཡོང་བའི་རེ་སྨོན་བྱེད་ཀྱི་ཡོད་པ་རེད།
    ༄༅།།འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་གྲོང་མི་ཚོས་འོང་སྐོར་གཏོང་བ།
      

    ཕྱོགས་བསྡུས་གསར་འགྱུར།