འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱལ་ཡོངས་ཀྱི་རྩོམ་པ་པོའི་བཅར་འདྲི་ཚོགས་པ་ཚྭ་འདམ་གཤོངས་སར་བསྐྱོད་པའི"བྱེད་
    སྒོ་མཚོ་ནུབ་ཏུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་19ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་ནུབ་ཀྲོའུ་ཨུད་དང་། མཚོ་ནུབ་ཀྲོའུ་སྲིད་གཞུང་། ཀྲོའུ་ཨུད་དྲིལ་བསྒྲགས་པུའུ། མཚོ་སྔོན་མི་རིགས་རིག་གནས་ཡར་སྐུལ་ཚོགས་པ། 《ཁུ་ནུ་ཆེ་མོའི་》དུས་དེབ་ཁང་བཅས་ཀྱིས་ཐུན་མོང་ཐོག“རྒྱལ་ཡོངས་ཀྱི་རྩོམ་པ་པོའི་བཅར་འདྲི་ཚོགས་པ་ཚྭ་འདམ་གཤོངས་སར་བསྐྱོད་པའི”བྱེད་སྒོ་མཚོ་ནུབ་ཏུ་སྤེལ། ཞིང་ཆེན་དང་གྲོང་ཁྱེར་19ནས་ཡོང་བའི་རྩོམ་པ་པོ་དང་སྙན་ངག་པ་30ད་རེས་ཀྱི་བྱེད་སྒོའི་ནང་ཞུགས་ཡོད་ལ། ད་རེས་ཀྱི་བྱེད་སྒོ་སྤེལ་དོན་ནི་མཚོ་ནུབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་དང་། རྩོམ་པ་པོ་དང་སྙན་ངག་པའི་ཤེས་ཚོར་སྐྱེན་པོ་དང་བསམ་བློ་གཏིང་ཟབ་ལས་མཚོ་ནུབ་ཀྱི་རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ལ་བསམ་ཕྱོགས་གསར་པ་མཁོ་འདོན་དང་། སྟོབས་ཤུགས་གསར་པ་གཅིག་སྡུད། བཀྲག་མདངས་འཚེར་ས་གསར་པ་མངོན་ནས་ཚྭ་འདམ་གཤོངས་སའི་ཐོན་ཁུངས་དང་རིག་གནས་ཀྱི“ནོར་གཞོང”ལས་སྔར་བས་བཀྲག་མདངས་འཚེར་ས་མངོན་པར་བྱས་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། མཚོ་ནུབ་ཀྲོའུ་ཡིས་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་རིག་གནས་ཐོན་ལས་སྤུས་རྟགས་གཏོད་རྒྱུར་གཞོལ་བས། རིག་གནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཞིང་ཆེན་དེ་ཡོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོའི་དཔེ་སྟོན་ཁུལ་དང་སྔོན་དར་ཁུལ་དུ་འགྱུར་ཐུབ་པ་བྱ་ཆེད། ཧའེ་ཙེའི་སྙན་ངག་དུས་ཆེན་དང་། ཁུ་ནུ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན། ཚྭ་འདམ་རིག་གནས་སྒྱུ་རྩལ་དུས་ཆེན་སོགས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཅུང་ཆེན་པོ་ལྡན་པའི་བྱེད་སྒོ་སྔ་རྗེས་སུ་ཇུས་འགོད་བྱས་ནས་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།