འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པ་གཏོར་སྐྱོན་ཕོག་པའི་ཀྲུང་ནེའི་
    གཞུང་ལམ་ལ་སྐོར་ཞིབ་བྱེད་པར་སྐྱོད་པ།

    དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པ་གཏོར་སྐྱོན་ཕོག་པའི་ཀྲུང་ནེའི་གཞུང་ལམ་ལ་སྐོར་ཞིབ་བྱེད་པར་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་19ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པ་གཏོར་སྐྱོན་ཕོག་པའི་ཀྲུང་ནེའི་
གཞུང་ལམ་ལ་སྐོར་ཞིབ་བྱེད་པར་སྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་15ཉིན་། བོད་ལྗོངས་འགྲམ་འགག་སྒོའི་ཀྲུང་ནེའི་གཞུང་ལམ་ཤར་གཏོང་ཐུབ་རྒྱུའི་ལས་འགན་ལག་བསྟར་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གཉིས་པས་དཔོན་དམག་9ཟུར་འཐེན་བྱས་ནས་སྔོན་སྐྱོད་རུ་ཁག་སྒྲིག་འཛུགས་བྱས་ཏེ། སྤྱི་ལེ་2ཀྱི་སར་གཏོར་སྐྱོན་ཚབས་ཆེན་ཕོག་པའི་ལམ་དུམ་བུར་རྐང་ཐང་མར་སྐོར་ཞིབ་བྱས་པ་རེད།
         དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་རུ་དཔོན་གཞོན་པ་ཝུའུ་ཅིན་ཧུའེ་ཡིས་མིག་སྔར་འགྲམ་འགག་སྒོར་དྲག་ཆར་བབས་པས་ལམ་དུམ་མང་ཆེ་བ་ཆུས་འཁྱེར་ནས། ལམ་ཤར་གཏོང་ཐུབ་རྒྱུར་དཀའ་གནད་ཆེན་པོ་འཕྲད་པ་དེ“4·25”ཡི་ས་ཡོམ་གྱི་གནོད་འཚེ་ཕོག་ཤུགས་ལས་ཆེ་བ་ཡོད། གནོད་འཚེའི་གནས་ཚུལ་ལ་དམིགས་ནས་རུ་ཁག་གིས་གོམ་སྟབས་རྗེས་མར་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་དང་མཉམ་དུ་ལག་ལེན་དུ་འཁྱོལ་ཐུབ་པ་དང་ཚན་རིག་དང་མཐུན་ལ་ནུས་པ་ཆེ་བའི་ལམ་ཤར་གཏོང་གི་ཇུས་གཞི་བཟོ་རྒྱུ་དང་ཆབས་ཅིག རྒྱུ་ཆ་གྲ་སྒྲིག་ཧུར་ཐག་བྱས་ནས་གཞུང་ལམ་སླར་ཡང་ཤར་གཏོང་དང་། གཟར་ངོས་བརྟན་གཏོང་། ལམ་ཆང་བཟོ་བ་བཅས་བྱ་རྒྱུར་གྲ་སྒྲིག་གང་ལེགས་བྱ་རྒྱུ་ཡིན་ཞིང་། 
         འདི་ནི་དཔོན་དམག་ཚོས་ཁ་ལོ་བ་མེད་པའི་གནམ་གྲུས་སྐྱེལ་བའི་གཞི་གྲངས་ལ་དབྱེ་ཞིབ་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།