འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།《བོད་ཀྱི་བསྐལ་འཁོར་ལོ་ཐོ་》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་15ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།《བོད་ཀྱི་བསྐལ་འཁོར་ལོ་ཐོ་》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
         མི་དམངས་དྲ་བའི་འཕྲིན། འདི་ལོ་ནི་བོད་ལྗོངས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་པས། དགའ་སྟོན་རྟེན་འབྲེལ་ཞུ་བྱེད་དཔེ་དེབ་《བོད་ཀྱི་བསྐལ་འཁོར་ལོ་ཐོ་》དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། ལས་མཁོའི་དཔེ་དེབ་་ཆ་ཚང་བ་འདིའི་ནང་དོན་བརྒལ་ཚད་ལོ་2100ཟིན་ཡོད་པ་དང་དཔེ་དེབ་ཆ་ཚང་བར་དེབ་4དང་། ཤོག་གྲངས་4200ལྷག  ཡིག་འབྲུ་ཁྲི་424ལྷག་བཅས་ཡོད་ཅིང་། དཔར་འདེབས་ལག་རྩལ་མཛེས་ཤིང་ལེགས་ལ་དཔེ་དེབ་བཟོ་སྟངས་གནའ་བོའི་ཉམས་དང་ལྡན་ཞིང་། བོད་ཀྱི་གནམ་རིག་སྐར་རྩིས་ལ་བསྐལ་འཁོར་ལོ་ཐོ་མེད་པའི་སྟོང་ཆ་བསྐངས་པ་རེད། པར་འདི་ནི་ཟླ་7ཚེས་14ཉིན་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཚེ་རྡོ་ཡིས་སྲོལ་རྒྱུན་ཐབས་ལམ་ཐོག་ནས་གནམ་རིག་སྐར་རྩིས་ཀྱི་བྱེ་གཞོང་རྩིས་སྟོན་གནང་བཞིན་པའི་ཚུལ་རེད།
    ༄༅།།《བོད་ཀྱི་བསྐལ་འཁོར་ལོ་ཐོ་》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
    ༄༅།།《བོད་ཀྱི་བསྐལ་འཁོར་ལོ་ཐོ་》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།